ལོ30ཡི་རིང་ལ་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་དེབ་རྩོམ་སྒྱུར་ལྟེ་གནས་ཀྱིས་བོད་ཡིག་སློབ་དེབ་རིགས1700ལྷག་རྩོམ་སྒྱུར་བྱས།

ཡེ་མིང་གིས་བསྒྱུར།        2010-11-11

ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་བ11པའི་ཚེས9ཉིན་འབྱོར་བའི་གཏམ་གསར།ཉེ་བའི་ལོ30ཡི་རིང་ལ་རང་རྒྱལ་གྱི་བོད་ལྗོངས་དང་སྔོན།སི་ཁྲོན།ཀན་སུའུ།ཡུན་ནན་བཅས་ཞིང་ལྗོངས་ལྔའི་བོད་རིགས་སློབ་མ་ཁྲི70ལྷག་ཙམ་ལ་མཚོ་སྔོན་ཞིང་ཆེན་མི་རིགས་སློབ་དེབ་རྩོམ་སྒྱུར་ལྟེ་གནས་ཀྱིས་རྩོམ་སྒྱུར་བྱས་པའི་བོད་ཡིག་སློབ་དེབ་རིགས1700ལྷག་ཙམ་བོད་ཡིག་སློབ་དེབ་ཀྱིས་ཕན་པ་ཐོབ་པ་རེད།
1970ལོར་མཚོ་སྔོན་མི་རིགས་སློབ་དེབ་རྩོམ་སྒྱུར་ལྟེ་གནས་ནི་བོད་ཡིག་སློབ་དེབ་རྩོམ་སྒྱུར་བྱེད་མཁན་གྱི་ལས་ཁུངས་ཤིག་རེད།དུས་རབས20པའི་ལོ་རབས80པའི་དུས་འགོ་ནས་བཟུང་།ལས་ཁུངས་དེས་གཙོ་བོ་བོད་ལྗོངས་དང་མཚོ་སྔོན་སོགས་ཞིང་ལྗོངས་ལྔའི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་ཚན་སོ་སོའི་བོད་ཡིག་སློབ་དེབ་རྩོམ་སྒྱུར་གྱི་ལས་འགན་འཁུར་བ་རེད།མཚོ་སྔོན་ཞིང་ཆེན་མི་རིགས་སློབ་དེབ་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ལུའེ་ཐའོ་ངོ་སྤྲོད་བྱས་རྒྱུར།ཉེ་བའི་ལོ30ཡི་རིང་ལ་རྩོམ་སྒྱུར་ལྟེ་གནས་དེས་བོད་ཡིག་སློབ་དེབ་རིགས1700ལྷག་ཙམ་རྩོམ་སྒྱུར་བྱས་པ་དང་འགྲེམ་སྤེལ་བྱེད་ཚད་སློབ་དེབ་ཁྲི2500ལ་ཟིན་པར་བརྟེན།ཞིང་ལྗོངས་ལྔའི་བོད་ཡིག་སློབ་གྲྭ་འབྲིང་ཆུང6300ཡི་བོད་རིགས་སློབ་མ70ལྷག་ཙམ་ལ་ཕན་པ་ཐོབ་པ་རེད།
  • ལེ་ཚན་སྔོན་མ།:2010ལོའི་སི་ཁྲོན་བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་མཆོང་བརྒལ་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་འཕེལ་ར
  • ལེ་ཚན་རྗེས་མ།:ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་རིགས་ལུས་རྩལ་འགྲན་ཚོགས་དེ་ཕན་ཀྲི་ཧྭ་རུ་གཟབ་རྒྱས་ངང་འཚོགས་འགོ་ཚུགས་པ
  • དོ་སྣང་ཆེ་བའི་རྩོམ།