བོད་ལྗོངས་ལ་ས་ཁུལ་གཉིས་མེད་པར་བཟོས་ནས་གྲོང་ཁྱེར་གཉིས་འཛུགས་པའི་ཆོག་མཆན་ཐོབ་པས་འཕེལ་རྒྱས་ལ་གསོན་ཉམས་ལྡན་དུ་འཇུག

མིག་དམར་གྱིས་བསྒྱུར།        2015-01-08

ཞིན་ཧྭ་གསར་འགྱུར་ཁང་བོད་ལྗོངས་ཆབ་མདོ་ནས་འབྱོར་བའི་གཏམ་གསར། ཉེ་ཆར།ཀྲུང་གོ་གུང་ཁྲན་ཏང་ཆབ་མདོ་གྲོང་ཁྱེར་གྱི་ཐེངས་དང་པོའི་འཐུས་མི་ཚོགས་ཆེན་འཚོགས་ནས་གྲོང་ཁྱེར་ཨུ་ལྷན་གྱི་འགོ་ཁྲིད་ཚོགས་པ་གསར་པ་བདམས་ཐོན་བྱུང་བ་རེད། འདི་ནི་ཆབ་མདོ་ས་ཁུལ་དེ་གྲོང་ཁྱེར་རིམ་པའི་སྒྲིག་གཞི་ལྟར་ལས་ཁུངས་སྒྲིག་འཛུགས་དང་འཁོར་རྒྱུག་བྱེད་འགོ་བཙུགས་ནས་དུས་རབས་ཕྱེད་ཀར་གནས་པའི་ཆབ་མདོའི་སྲིད་འཛིན་གཞུང་ལས་ཁང་གི་ལོ་རྒྱུས་མཇུག་བསྒྲིལ་བའི་མཚོན་ཚུལ་ཞིག་རེད།     དེ་ནི་ཟླ་བ12པའི་ཚེས6ཉིན་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་འགོ་ཁྲིད་ཚོགས་པ་བདམས་རྗེས་བོད་ལྗོངས་སུ་སླར་ཡང་བདམས་ཐོན་བྱུང་བའི་གྲོང་ཁྱེར་ཨུ་ལྷན་གསར་པ་ཞིག་རེད། དེ་དང་བསྟུན་ནས་ས་གནས་གཉིས་ཀྱིས་རྒྱུན་མཐུད་ནས་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་གྲོས་ཚོགས་གཉིས་འཚོག་རྒྱུ་ཡིན་པ་དང་། གྲོང་ཁྱེར་རིམ་པའི་རྩ་འཛུགས་ཀྱི་སྒྲོག་གཞི་འཐུས་ཚང་ཆགས་རྒྱུ་རེད། དེ་དུས་་བོད་ལྗོངས་ཀྱི་ཤར་རྒྱུད་ནས་ནུབ་རྒྱུད་བར་ཆབ་མདོ་དང་ལྷ་ས། གཞིས་ཀ་རྩེ་བཅས་གྲོང་ཁྱེར་གསུམ་ཡོད། ཀྲུང་དབྱང་གིས་རྒྱུན་མཐུད་ངང་བོད་ལྗོངས་ཀྱི་ཤར་རྒྱུད་དང་ནུབ་རྒྱུད་དུ་་ས་ཁུལ་རིམ་པའི་གྲོང་ཁྱེར་གཉིས་འཛུགས་པར་ཆོག་མཆན་གནང་བ་དེ་བོད་ལྗོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཉམས་གསར་པ་འདོན་ཐུབ་རྒྱུ་རེད།
     ཆབ་མདོ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་གཏོགས་པའི་ས་ཁུལ་(གྲོང་ཁྱེར)གྱི་ཡ་གྱལ་ཞིག་ཡིན་ལ། དེ་ནི་བོད་ལྗོངས་ཀྱི་ཤར་ཕྱོགས་སུ་ཆགས་ཡོད་པ་དང་བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཡུན་ནན་བཅས་ཀྱི་འབྲེལ་མཚམས་ཀྱི་མིད་པ་ལྟ་བུའི་ས་འགག་གི་གནས་སུ་ཆགས། ཁྲོན་བོད་གཞུང་ལམ་དང་ཡུན་ནན་ནས་བོད་ལྗོངས་བར་གྱི་གཞུང་ལམ་བརྒྱུད་དགོས་ངེས་ཀྱི་ས་གནས་ཤིག་ཡིན་ལ། ཇ་འདྲེན་གདལ་ལམ་གྱི་གལ་ཆེའི་བབས་ཚུགས་ཤིག་ཀྱང་ཡིན་པ་རེད།      ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྔོན་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱིས་གཞིས་ཀ་རྩེ་ས་ཁུལ་དང་ཆབ་མདོ་ས་ཁུལ་མེད་པར་བཟོས་ནས་ཁག་དབྱེ་ནས་གཞིས་ཀ་རྩེ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་གསར་དུ་འཛུགས་པའི་མཆན་བཀོད་བཀའ་ལན་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུས་དེ་ནི་བོད་ལྗོངས་བཅོས་བསྒྱུར་འཕེལ་རྒྱས་དང་བརྟན་བརླིང་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ཐུབ་པ་དང་གཞིས་ཀ་རྩེ་དང་ཆབ་མདོ་ས་ཁུལ་གཉིས་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་རེད་ཅེས་ངོས་འཛིན་གནང་།
  • ལེ་ཚན་སྔོན་མ།:མཚོ་ལྷོ་བོད་སྨན་ཁང་གི་སྨན་བཅོས་བདེ་འཇགས་བྱ་བ་མཐོར་འདེགས་བྱུང་།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གི་རིག་གནས་དང་ལྗོངས་རྒྱུའི་ཡུལ་སྲོལ་གོམས་འདྲིས་ཁྲེང་ཏུའུ་ཅིང་ལིར་མངོན།
  • དོ་སྣང་ཆེ་བའི་རྩོམ།