2014-05-14
ས་དེའི་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཁེན་ནི་ཡ་རྒྱལ་ཁབ་ན་གཞོན་ཞབས་ཞུའི་རུ་ཁག་ལ་གཟིགས་སྐོར་མཛད།
ཁེན་ནི་ཡ་རྒྱལ་ཁབ་ན་གཞོན་ཞབས་ཞུའི་རུ་ཁག་ནི་ཁེན་ནི་ཡ་རང་བཙན་བྱས་རྗེས་མང་ཚོགས་རྣམས་ལ་སྐུལ་སློང་བྱས་ནས་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་།ན་གཞོན་ལས་ཤོར་བྱེད་ཚད་ཇེ་ཉུང་དུ་གཏོང་བ་དམིགས་འབེན་དུ་བརྩིས་ནས་བཙུགས་པའི་ལས་ཁུངས་ཤིག་རེད།ད་ལྟ་ན་གཞོན་ཞབས་ཞུའི་རུ་ཁག་དེར་ལོ་ན་བཅོ་བརྒྱད་ནས་ཉེར་བཞི་བར་གྱི་ཞབས་ཞུ་མི་སྣ་ཁྲི་བཞི་ལྷག་ཡོད།ཁོ་ཚོས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་བཟོ་སྐྲུན་གྱི་འགན་གཙང་ལེན།སྤྱི་ཕན་ལས་དོན་སོགས་ལས་གཞི་ལག་བསྟར་བྱེད་པའི་འགན་ཁུར་ཡོད།
ལིས་ཁི་ཆང་དང་ཁེན་ནི་ཡའི་ཙུང་ཐུང་གཞོན་པ་ལུའུ་ཐའོ་གཉིས་ཀྱིས་མཉམ་དུ་ལས་གཞི་འགྲེམ་སྟོན་བྱས་པར་གཟིགས་སྐོར་བྱས་ཤིང་།ཞབས་ཞུའི་རུ་ཁག་གི་བདག་གཉེར་གནས་ཚུལ་དང་ཀྲུང་གོ་དང་ཁེན་ནི་ཡའི་ལས་གཞི་མཉམ་ལས་བྱེད་པ་སོགས་ཀྱི་གནས་ཚུལ་ལ་རྒྱས་ལོན་ཞིབ་མོ་མཛད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10