མཚོ་སྔོན་གྱིས་ད་ལོར་ངལ་རྩོལ་པ་མི་ཁྲི12.08གསོ་སྦྱོང་བྱེད་རྒྱུ་རེད།

    མཚོ་སྔོན་གསར་འགྱུར་དྲ་བ།    2014-03-13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཤང་གྲོང་གི་ངལ་རྩོལ་པ་མི་ཁྲི12.08ལ་ངལ་རྩོལ་ནུས་རྩལ་གསོ་སྦྱོང་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། དེའི་ནང་ཞིང་ཕྱུགས་མཉམ་ལས་བདག་གཉེར་དོ་དམ་མི་སྣ་དང་ལས་ཞུགས་མ་ཐུབ་པའི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ། ས་ཞིང་ཤོར་བའི་ཞིང་བ། སྐྱེ་ཁམས་གནས་སྤོར་སྡོད་དམངས། གྲོང་རྡལ་ཅན་གྱི་རོང་འབྲོག་པ་སོགས་གཙོ་གནད་དུ་བཟུང་སྟེ་གསོ་སྦྱོང་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་ཤང་གྲོང་གི་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་ལ་ཤུགས་བསྣན་ནས་ཤང་གྲོངལ་ངལ་རྩོལ་པའི་ཞིང་ཕྱུགས་ཐོན་སྐྱེད་ལག་རྩལ་དང་ལས་ཞུགས་ནུས་པ་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་ཆེད། ད་ལོར། མཚོ་སྔོན་གྱིས་ཤང་གྲོང་ངལ་རྩོལ་པའི་ངལ་རྩོལ་ནུས་རྩལ་གསོ་སྦྱོང་ལ་ཤུགས་སྣོན་རྒྱུ་རེད། དེའི་ནང་ཐོན་ལས་དང་པོའི་ཞིང་ཕྱུགས་ལས་ཐོན་སྐྱེད་ལག་རྩལ་གསོ་སྦྱོང་གི་འཆར་བཀོད་མི་གྲངས་ཁྲི2.115ཡོད་ལ། གཙོ་བོ་རོང་འབྲོག་ཁུལ་གྱི་ངལ་རྩོལ་པར་དམིགས་ཏེ། མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་རོང་འབྲོག་པ་དང་ལྷག་པར་དུ་ན་གཞོན་རོང་འབྲོག་པའི་ཞིང་ཕྱུགས་ལས་ཐོན་སྐྱེད་ལག་རྩལ་དང་ཞིང་ཕྱུགས་ལས་ཐོན་ལས་བདག་གཉེར་དོ་དམ་ནུས་པ་ཇེ་མཐོར་གཏོང་རྒྱུ་རེད། ཐོན་ལས་གཉིས་པ་དང་གསུམ་པའི་ནུས་རྩལ་གསོ་སྦྱོང་ལ་གཙོ་བོ་ཤང་གྲོང་གི་རིགས་སོ་སོའི་ངལ་རྩོལ་པར་དམིགས་ནས་ཤང་གྲོང་ངལ་རྩོལ་པའི་ལས་ཞུགས་འགྲན་རྩོད་ནུས་པ་དང་ལས་སྐྲུན་ནུས་པ་ཇེ་མཐོར་གཏོང་རྒྱུ་ཡིན་ལ། ལོ་ཧྲིལ་བོར་མི་ཁྲི9.965གསོ་སྦྱོང་བྱེད་རྒྱུ་རེད། །

  • ལེ་ཚན་སྔོན་མ།:ལོ་གསུམ་ནང་ཞིན་ཅང་གི་མི་རིགས་སོ་སོའི་ཞིང་འབྲོག་པ་ཁྲི360ལྷག་བདེ་སྡོད་དམགས་ཕྱུག་གི་སྡོད་ཁང་གསར་པར་སྤོས
  • ལེ་ཚན་རྗེས་མ།:ཞིན་ཅང་ཧྭ་མིའི་ལྕགས་ལམ་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན།
  • དོ་སྣང་ཆེ་བའི་རྩོམ།