2014-03-13
ཉེ་བའི་ལོ་ཤས་རིང་།ཞིན་ཅང་གི་རྨང་གཞི་སྒྲིག་ཆས་ལ་མ་དངུལ་གཏོང་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཆབས་ཅིགཞིན་ཅང་ཧྭ་མིའི་ལྕགས་ལམ་འཛུགས་སྐྲུན་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པ་རེད།མིག་སྔར།ཧྭ་མིར་འཕྲེད་བརྒལ་བྱེད་པའི་ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་མེ་འཁོར་གཏོང་ཐུབ་པ་དང་།ཧུང་ལིའུ་ཧོ་ནས་ཝུའུ་ལུའུ་མུ་ཆིན་བར་གྱི་ལྕགས་ལམ་གློག་ཤུགས་རླངས་ཅན་བཟོ་བཅོས་བྱེད་པའི་ཨར་ལས་ལེགས་འགྲུབ་བྱུང་སྟེ་མེ་འཁོར་ཤར་གཏོང་ཐུབ་པ་རེད།ཧྭ་མི་ནས་ལུའོ་པུའུ་ཕོ་བར་གྱི་ལྕགས་ལམ་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་པ་དང་།ཧྭ་མིའི་དོས་འཁོར་གཏོང་སའི་ལྷོ་རྒྱུད་སྐོར་ལམ་དེ་སྐྱེལ་འདྲེན་གྱི་ལྕགས་ལམ་གཙོ་གནད་དུ་གྱུར་ཡོད།ཞིང་ཅང་གི་དམངས་གཉེར་གྱིས་མ་དངུལ་སྤྱད་དེ་བསྐྲུན་པའི་ལྕགས་ལམ་ཨང་དང་པོ་སྟེ།ཧུང་ལིའུ་ཧོ་ནས་ནའོ་མའོ་མཚེའུ་བར་གྱི་ལྕགས་ལམ་གྱི་རྣམ་གྲངས་ཀྱང2014ལོའི་ཟླ་བ2པར་མཆད་བཀོད་མཛུབ་སྟོན་ཐོབ་ཡོད།ཧྭ་མིའི་ལྕགས་ལམ་བསྐྲུན་པ་དེ་རིམ་བཞིན་དུ་ཤར་རྒྱུད་ཀྱི་ལྕགས་ལམ་དང་སྦྲེལ་ནས་ནུབ་རྒྱུད་དུ་སྲིང་པ།བྱང་རྒྱུད་དུ་གསར་སྐྲུན་བྱས་ནས་ལྷོ་རྒྱུད་དུ་སྲིང་པའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པས།འགག་རྩའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་པོ་ཐོན་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་རྒྱབ་རྟེན་གལ་ཆེན་འདོན་སྤྲོད་བྱ་རྒྱུ་རེད།
པར་འདི་ནི་ལས་བཟོ་པས་མེ་འཁོར་ཤར་གཏོང་ཐུབ་པའི་ལན་གྲུ་ནས་ཞིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཐོག་གི་ཧྭ་མིའི་ཆེས་ཆེན་པོའི་ཟམ་པའི་ཐོག་མཇུག་བསྡུའི་ལས་ཀ་ལས་བཞིན་པ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10