པདྨ་རྫོང་གིས་བྱེད་ཐབས་གལ་ཆེན་དགུ་སྤྱད་དེ་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།

དབྱངས་ཅན་སྐྱིད།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2014-03-07

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གིས་རྫོང་དང་ཞང་། སྡེ་བ་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས་པའི་རྨང་གཞིའི་སྟེང་།ཁྱད་ཆོས་འབུར་དུ་ཐོན་པ་དང་ནང་དོན་ཕུན་སུམ་ཚོགས་པ།གསར་གཏོད་ཀྱི་རྣམ་པ་ལྡན་པར་བྱེད་པ་སོགས་བྱེད་ཐབས་གལ་ཆེན་དགུ་ལ་བརྟེན་ནས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ།རྒྱུས་ལོན་བྱུང་བ་ལྟར་ན། བྱེད་ཐབས་གལ་ཆེན་དགུ་བོ་ནི། དད་མོས་སློབ་གསོ་དང་དམིགས་འདུན་སློབ་གསོ་ཐེངས་འདིའི་བྱ་འགུལ་སྤེལ་བའི་རྨང་གཞི་གཙོ་བོར་བཟུང་བ་དང་། མི་ཚོགས་རིགས་གསུམ་ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་གཙོ་བོར་བཟུང་བ།སྤྱོད་སྟངས་འཛུགས་སྐྲུན་ཐེངས་འདིའི་བྱ་འགུལ་སྤེལ་བའི་ཁ་ཕྱོགས་གཙོ་བོར་བཟུང་བ།གཞི་རིམ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ཐག་གཅོད་རྒྱུ་དེ་ཐེངས་འདིའི་བྱ་འགུལ་སྤེལ་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་པ། མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་བརྟན་པོའི་ངང་འཛུགས་རྒྱུ་དེ་ཐེངས་འདིའི་བྱ་འགུལ་སྤེལ་བའི་གཞི་འཛིན་ས་གཙོ་བོར་བཞག་པ།གཅིག་བསྡུས་བཅོས་སྐྱོང་དང་སྤྱི་ཚོགས་བརྟན་འཇགས་བཟང་པོར་སྤེལ་བ་དེ་ཐེངས་འདིའི་བྱ་འགུལ་སྤེལ་བའི་འགན་ཁུར་གཙོ་བོར་བརྩིས་པ།དམངས་འཚོར་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དེ་ཐེངས་འདིའི་བྱ་འགུལ་སྤེལ་བའི་ནང་དོན་གཙོ་བོར་བཟུང་བ།སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་དང་དྲིལ་སྒྲོག་སྨྱན་བྱད་ཁག་ཐེངས་འདིའི་བྱ་འགུལ་སྤེལ་བའི་རྒྱབ་རྟེན་གལ་ཆེན་དུ་བརྩིས་པ།ཡུན་རིང་ལ་ཕན་པའི་ནང་རྐྱེན་འཐུས་ཚང་འཛུགས་རྒྱུ་དེ་ཐེངས་འདིའི་བྱ་འགུལ་སྤེལ་བའི་འགན་སྲུང་གལ་ཆེན་དུ་བརྩིས་པ་བཅས་རེད། །
  • ལེ་ཚན་སྔོན་མ།:བོད་རང་སྐྱོང་ལྗོངས་ཀྱིས་ཇོ་མ་གླང་མ་སོགས་རྒྱལ་ཁབ་ཀྱི་གླིང་ཀ་འཛུགས་སྐྲུན་ཚོད་ལྟའི་གཞི་ཁྱོན་དུ་འགོད་རྩི
  • ལེ་ཚན་རྗེས་མ།:ལོ་སར་སྐབས་སུ་ནག་ཆུ་ས་ཁུལ་གྱིས་རྒན་པ་རྣམས་ལ་དྲོད་ཁོལ་སྐྱེལ་ཏེ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས།
  • དོ་སྣང་ཆེ་བའི་རྩོམ།