ལོ་སར་སྐབས་སུ་ནག་ཆུ་ས་ཁུལ་གྱིས་རྒན་པ་རྣམས་ལ་དྲོད་ཁོལ་སྐྱེལ་ཏེ་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས།

    ཞིན་ཧྭ་དྲ་བ།    2014-03-07

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།བོད་ཤིང་རྟ་ལོའི་ལོ་སར་སྐབས་སུ་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་གྱི་ས་གནས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་ཡིས་ནག་ཆུ་རྫོང་ཨུ་དང་། རྫོང་སྲིད་གཞུང་། གུང་གཞོན་ཚོགས་པའི་རྫོང་ཨུ། རྫོང་རིག་གནས་ཅུའུ་སོགས་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་རྒན་པ་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བའི་བྱ་འགུལ་སྤེལ་ཞིང་། རྒན་པ་རྣམས་ལ་རིག་གནས་དང་། བདེ་ཐང་། དྲོད་ཁོལ་སྐྱེལ་ཏེ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།
འཚམས་འདྲི་ཚོགས་པ་ནག་ཆུ་རྫོང་གི་ཀོ་ལུག་གྲོང་རྡལ་དུ་ཕེབས་ཏེ་རྒན་གསོ་ཁང་དང་དེའི་ཉེ་འཁོར་ཁྱིམ་ཚང་གི་རྒན་པ་རྣམས་ལ་འའཚམས་འདྲི་བྱས། འཚམས་འདྲི་ཚོགས་པས་རྒན་པ་རྣམས་ལ་ཁ་ཏག་འབུལ་ཏེ། བྱམས་བརྩེ་ངང་རྒན་པ་དང་ཁ་བརྡ་བྱེད་བཞིན་རྒན་པ་རྣམས་ཀྱི་ལུས་ཁམས་དང་འཚོ་བའི་གནས་ཚུལ་གསར་བོར་དྲིས་ཏེ། ཁོང་རྣམས་པས་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་རླིང་ཕྱོགས་ནས་བྱས་རྗེས་བཞག་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་རེད། 
  • ལེ་ཚན་སྔོན་མ།:པདྨ་རྫོང་གིས་བྱེད་ཐབས་གལ་ཆེན་དགུ་སྤྱད་དེ་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ།
  • ལེ་ཚན་རྗེས་མ།:ཡུན་ནན་ཁུན་མེན་མེ་འཁོར་ས་ཚིགས་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཚབས་ཆེན་ཡོངས་སུ་རྩད་ཆོད་པ།
  • དོ་སྣང་ཆེ་བའི་རྩོམ།