ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་༼གྲོས་ཆོད།༽སྐོར་གྱི་འགྲེལ་བཤད།

        2014-02-21

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ1ཚེས17ཉིན་འབྱོར་བའི་གཏམ་གསར། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་བཙུགས་པ་ནས་བཟུང་སྤྱི་ཚོགས་ཀྱི་བདེ་འཇགས་འཚོ་སྲུང་དང་སྤྱི་ཚོགས་བརྟན་བརླིང་ལ་ཁག་ཐེག་ནན་པོ་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་མགྱོ གས་པོ་བཏང་བར་བརྒྱུད། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་བཅོས་བསྒྱུར་བྱེད་དགོས་པའི་རེ་འབོད་ཉིན་རེ་བཞིན་ཆེ་རུ་ཕྱིན་པ་རེད།
    ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་གོང་འཕེལ་མགྱོ གས་པོ་བྱུང་བ་དང་། རང་རྒྱལ་གྱི་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཕེལ་རིམ་མུ་མཐུད་ནས་མགྱོ གས་སུ་བཏང་བར་བརྒྱུད། ཕྱོགས་སོ་སོའི་འབད་བརྩོན་ལྷོད་མེད་དང་ཐུན་མོང་དུ་འབད་བརྩོན་བྱས་པར་བརྒྱུད། རང་རྒྱལ་གྱི་བཅའ་ཁྲིམས་ལམ་ལུགས་སྔར་ལས་ལྷག་པར་འཐུས་སྒོ་ཚང་དུ་བྱུང་བ་དང་། ཁྲིམས་འགལ་དང་བྱས་ཉེས་བསགས་པའི་གྱོ ད་དོན་ལ་ཐག་གཅོད་བྱེད་པའི་བཅའ་ཁྲིམས་རྒྱུན་ཆདམེད་པར་འཐུས་སྒོ་ཚང་དུ་བྱུང་བ་དང་མཐུན་སྦྱོར་དམ་ཚགས་བྱས་ཐུབ་པས། ངལ་རྩོལ་སློབ་གཅུན་གྱི་སྤྱོད་གོ་ཆོད་པའི་རང་བཞིན་ལོ་རེ་བཞིན་ཉུང་དུ་ཕྱིན་པ་དང་གཞི་རྩའི་ཐོག་སྤྱོད་འཚམས་འཇོག་ཡོད་པ་རེད། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་མེད་པའི་བཟོ་བའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་རིམ་བཞིན་ཆགས་པ་དང་དུས་སྐབས་ཀྱང་རིམ་བཞིན་དུ་བྱང་ཆུབ་པ་བྱུང་། བཅའ་ཁྲིམས་ཀྱིས་གཏན་འབེབས་བྱས་པར་ལྟར། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་དམངས་ཆེན་ཨུ་ཡོན་ལྷན་ཁང་ལ་རེ་འདུན་ཞུས་ཏེ་བཅའ་ཁྲིམས་ཀྱི་གོ་རིམ་བརྒྱུད་དེ་མེད་པ་བཟོ་དགོས་པ་རེད།
    སྤྱི་ཁོག་ཐོག་ནས་བཤད་ན། ངལ་རྩོལ་སློབ་གཅུན་གྱི་ལམ་ལུགས་མེད་པ་བཟོ་དགོས་པའི་གནད་དོན་འདོན་པ་ནི་བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཁྲིམས་སྐྱོང་གི་བསམ་པ་དང་ཁྲིམས་སྐྱོང་གི་བྱེད་སྟངས་ཀྱིས་སྤྱི་ཚོགས་ལ་དོ་དམ་བྱེད་པའི་མཚོན་བྱེད་གལ་ཆེན་ཞིག་དང་། སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་དགོས་ངེས་ཀྱི་གདམ་གའང་ཡིན་པས། དགོས་ངེས་ཡོད་ལ་ལག་ལེན་དུ་འཁྱོལ་ཐུབ་ངེས་རེད། ནན་པོ་བཤད་དགོས་པ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་ལུགས་མཐུན་གྱི་ཁེ་ཕན་ལ་ཁྲིམས་འགལ་ཉེན་ཅན་པས་ཁྲིམས་འགལ་བྱ་སྤྱོད་ཀྱིས་གནོད་སྐྱེལ་བར་ཐེབས་མི་བཅུག་པ་བྱེད་ཆེད། རང་རྒྱལ་གྱིས་མིག་སྔར་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་ཁྲིམས་གཅོད་དང་ཡོ་བསྲང་བྱ་རྒྱུའི་བཅའ་ཁྲིམས་ལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་རེད། 
  • ལེ་ཚན་སྔོན་མ།:མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་ཞིན་ཅང་ཧོ་ཐན་ས་ཁུལ་དུ་ས་འགུལ་བྱུང་བར་རོགས་སྐྱོབ་བྱེད་ཕྱོགས་ཐད་མཛུབ་སྟོན་ག
  • དོ་སྣང་ཆེ་བའི་རྩོམ།