མཚོ་སྔོན་བོད་སྐད་རླུང་འཕྲིན། 2014-02-20
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན་བསྡུས་པའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་བྱ་བའི་གྲོས་ཚོགས་སྟེང་། 2014ལོར། ཞིང་ཆེན་ཡོངས་ཀྱི་རྩིས་བཤེར་ལས་ཁུངས་ཀྱིས་ནོར་སྲིད་ཐད་ཀྱི་རྩིས་བཤེར་དང་དཔལ་འབྱོར་ལས་འགན་ཐད་ཀྱི་རྩིས་བཤེར་ཇེ་དྲག་ཏུ་གཏོང་བ་དང་། དམངས་འཚོའི་མ་དངུལ་གཙོ་བོ་དང་དམངས་འཚོའི་ལས་གཞིའི་རྩིས་བཤེར། སྲིད་གཞུང་མ་དངུལ་བཏང་བའི་ལས་གཞི་ཆེན་པོའི་རྩིས་བཤེར། ཐོན་ཁུངས་ཁོར་ཡུག་རྩིས་བཤེར་བཅས་ལ་ཤུགས་བསྣན་ནས། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་ཉེན་ཁ་སྔར་ལས་ཕྱིར་འདོན་དང་། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཆེན་པོར་རྩད་ཞིབ་ཐག་གཅོད་བྱས་ཏེ། དཔལ་འབྱོར་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བཏོན།
ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོར་དཔལ་འབྱོར་ལས་འགན་ཐད་ཀྱི་རྩིས་བཤེར་སྔར་ལས་གཏིང་ཟབ་ཏུ་བྱེད་པ་དང་། སྲིད་གཞུང་གིས་མ་དངུལ་གཏོང་བའི་ལས་གཞི་ཆེན་པོའི་རྩིས་བཤེར་ལ་ཤུགས་བསྣན་ནས། དབང་ཆ་ཡོད་ན་འགན་འཁྲི་ཡོད་པ་དང་དབང་ཆ་སྤྱོད་དུས་ལྟ་སྐུལ་དང་ལེན་བྱེད་པ། ལས་འཛོལ་བྱུང་ཚེ་འགན་ཁུར་རྩད་གཅོད་པ། ཁྲིམས་དང་འགལ་ཚེ་རྩད་གཅོད་བྱེད་པ་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་སྒྲིག་གཞི་གཏོང་དགོས། དེ་དང་མཉམ་དུ། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཆེན་པོར་སྔར་ལས་ཞིབ་བཤེར་ནན་མོ་བྱེད་པ་དང་། རུལ་སུངས་ཀྱི་སྣང་ཚུལ་བྱུང་སླ་བ་དང་བྱུང་ཚད་མང་བའི་ལས་གཞི་གཙོ་བོ་དང་མ་དངུལ་གཙོ་བོ། སྡེ་ཁག་གཙོ་བོ། ཁྱབ་ཁོངས་གཙོ་བོ། གནད་འགག་དུས་རིམ་བཅས་ཀྱི་ལྟ་སྐུལ་ལ་ཤུགས་བསྣན་ནས། གང་འདོད་དུ་དབང་ཆ་བཀོལ་སྤྱོད་བྱེད་པ་དང་། ལྐོག་ཟ་དང་ལྐོག་རྔན་བླངས་པ། ལས་འཛོལ་བྱེད་པ་སོགས་ཀྱི་གྱོད་གཞི་ཆེན་པོ་ཕྱིར་འདོན་དང་རྩད་ཞིབ་ཐག་གཅོད་བྱེད་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10