ཞི་ཅིན་ཕིང་དང་ལི་ཁེ་ཆང་གིས་ཞིན་ཅང་ཧོ་ཐན་ས་ཁུལ་དུ་ས་འགུལ་བྱུང་བར་རོགས་སྐྱོབ་བྱེད་ཕྱོགས་ཐད་མཛུབ་སྟོན་གལ་ཆེན་གནང་བ།

        2014-02-21

 མི་ དམངས་ དྲ་ བའི་ འཕྲིན།  ཟླ་ 2ཚེས་ 12ཉིན་ གྱི་ ཕྱི་ དྲོའི་ ཆུ་ ཚོད་ 5དང་ སྐར་ མ་ 19དང་ སྐར་ ཆ་ 52ཀྱི་ ཐོག་ ཞིན་ ཅང་ ཧོ་ ཐན་ ས་ ཁུལ་ ཡུས་ ཐན་ རྫོང་ ཨ་ ཆང་ ཤང་ ཁོངས་ སུ་ ས་ འགུལ་ རིམ་ པ་ 7.3བྱུང་བ་རེད།  ས་འགུལ་བྱུང་སའི་ལྟེ་གནས་མི་ འབོར་ ཉུང་ བའི་ ས་ ཁོངས་ སུ་ གནས་ པར་ བརྟེན་ མི་ སྣར་ རྨས་ སྐྱོན་ ཕོག་ པའི་ སྙན་ ཞུ་ འབྱོར་ མེད་ པ་ རེད། 
       ས་འགུལ་བྱུང་ རྗེས་ གྲུང་ གུང་ ཀྲུང་ དབྱང་ གི་ སྤྱི་ ཁྱབ་ ཧྲུའུ་ ཅི་ དང་ །  རྒྱལ་ ཁབ་ ཀྱི་ ཀྲུའུ་ ཞི།  ཀྲུང་ དབྱང་ དམག་ ཨུའི་ ཀྲུའུ་ ཞི་ ཞི་ ཅིན་ ཕིང་ གིས་ མཐོང་ ཆེན་ གནང་ ནས་ གེཊ་ སེལ་ ལས་ དོན་ སྤེལ་ ཕྱོཊ་ ཐད་ མཛུབ་ སྟོན་ གལ་ ཆེན་ གནང་ སྟེ་ ས་གནས་ དེ་ གའི་ སྡེ་ ཚན་ དང་ འབྲེལ་ ཡོད་ སྡེ་ ཚན་ གྱིས་ དུས་ ཚོད་ དམ་ འཛིན་ གྱིས་ གནོད་ འཚེའི་ གནས་ ཚུལ་ དཔྱད་ ཞིབ་ བྱས་ ནས་འཕྲལ་ སྡོམ་ རོགས་ སྐྱོབ་ ལེགས་ པོ་ བྱེད་ པ་ དང་ ས་ འགུལ་ གྱི་ གནས་ ཚུལ་ ལྟ་ དཔྱད་ བྱ་ རྒྱུར་ ཤུགས་ སྣོན་ བརྒྱབ་ སྟེ་ མི་ རིགས་ ཁག་ གི་ མི་ དམངས་ མང་ ཚོགས་ ཀྱི་ ཚེ་ སྲོག་ དང་ རྒྱུ་ ནོར་ བདེ་ འཇགས་ འགན་ ལེན་ གང་ ཐུབ་ ཅི་ ཐུབ་ བྱེད་ དགོས་ པའི་ བླང་ བྱ་ བཏོན་ པ་ རེད། 
      ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུས་ ཀྱི་ རྒྱུན་ ཨུ་ དང་ རྒྱལ་ སྲིད་ སྤྱི་ ཁྱབ་ ཁང་ གི་ ཙུང་ ལི་ ལི་ ཁེ་ ཆང་ གིས་ ཀྱང་ གེགས་ སེལ་ ལས་དོན་ ཡག་ པོ་ བསྒྲུབ་ དགོས་ པའི་ བླང་ བྱ་ བཏོན་ གནང་ བ་ རེད། 
      ཀྲུང་ གུང་ ཀྲུང་ དབྱང་ ཆབ་ སྲིད་ ཅུས་ ཀྱི་ ཨུ་ ཡོན་ དང་ རང་ སྐྱོང་ ལྗོངས་ ཏང་ ཨུའི་ ཧྲུའུ་ ཅི་ ཀྲང་ ཁྲུན་ ཞན་ གྱིས་ སྤྱི་ ཁྱབ་ ཧྲུའུ་ ཅི་ཞི་ ཅིན་ ཕིང་ གི་ མཛུབ་ སྟོན་ གལ་ ཆེན་ མགྱོ གས་ མྱུར་ བརྒྱུད་ བསྒྲགས་ གནང་ བ་ དང་ སྦྲགས་ གེགས་ སེལ་ ལས་ དོན་ལ་ བཀོད་ སྒྲིག་གནང་ ཞིང་ །  ཁོང་ གིས་ འབྲེལ་ ཡོད་ སྡེ་ ཚན་ གྱིས་ འཕྲལ་ དུ་ བྱ་ སྤྱོད་ སྤེལ་ ནས་ གེགས་ ཁུལ་ དུ་ རོགས་ སྐྱོབ་ ལས་ དོན་ སྤེལ་ མཁན་གང་ མགྱོ གས་ བཏང་ སྟེ་ གེགས་ ཁུལ་ མང་ ཚོགས་ ཀྱི་ ཟས་ གོས་ སྡོད་ གསུམ་ འགན་ ལེན་ བྱེད་ པ་ དང་ རྨས་ མ་ དུས་ ཐོག་ ཏུ་ སྐྱོབ་ རོཊ་བྱེད་ དགོས་ པའི་ བླང་ བྱ་ བཏོན་ གནང་ བ་ རེད།  
  • ལེ་ཚན་སྔོན་མ།: ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་༼གྲོས་ཆོད།༽སྐོར་གྱི་འགྲེལ་བཤད།
  • ལེ་ཚན་རྗེས་མ།:སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེན་ཀྲན་བཅས་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།