2013ལོའི་རི་འཛེགས་ལུས་རྩལ་པའི་དགུན་དུས་ཀྱི་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། 2013-11-28
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།ཉིན་ཤས་གོང་།ཟླ་བ་གཅིག་རིང་སྤེལ་བའི2013ལོའི་རི་འཛེགས་ལུས་རྩལ་པའི་དགུན་དུས་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་ཡོད་པ་རེད།ཤེས་རྟོགས་བྱུང་བར།དགུན་དུས་ཀྱི་སྦྱོང་བརྡར་དེར་ཕན་འབྲས་ཐོན་རྒྱུར་འགན་ལེན་ཡོང་ཆེད།བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་ཚན་རིག་དང་བདེ་འཇགས་ལྡན་པའི་སྦྱོང་བརྡར་གྱི་འཆར་གཞི་གཏན་འབེབས་བྱས་ནས་དགུན་དུས་སྦྱོང་བརྡར་གྱི་ལས་དོན་དབུ་ཁྲིད་ཚོགས་ཆུང་བཙུགས་ཏེ་རྒྱབ་ཕྱོགས་ཀྱི་འགན་ལེན་མ་ལག་སྐྲུན་ཡོད་པ་རེད།
བྱེད་སྒོའི་འགན་ཁུར་མི་སྣས་ངོ་སྤྲོད་གནང་བར།ཤུགས་ལྡན་གྱི(ལག་པ)དང(རྐང་པ)སྦྱོང་བརྡར་དང་ཐེག་ཤུགས་ཆེ་བའི་སྦྱོང་བརྡར།བདེ་ལྕག་འཁྱུག་པའི་སྦྱོང་བརྡར།གསོ་རླུང་ཡོད་པ་དང་མེད་པ་བཅས་ཀྱི་སྦྱོང་བརྡར་བྱས་པ་བརྒྱུད།རྒྱ་ཆེའི་རི་འཛེགས་ལུས་རྩལ་པའི་གཟུགས་པོའི་བྱང་ཚད་དང་སེམས་ཁམས་ཀྱི་བྱང་ཚད་སྔར་ལས་ལྷག་པའི་གོང་མཐོར་ཕྱིན་ཡོད་ལ་གོམ་སྟབས་རྗེས་མའི་རི་འཛེགས་ཀྱི་ལས་དོན་དང་བྱེད་སྒོ་སྤེལ་རྒྱུར་རྨང་གཞི་འཛུགས་ཡོད་པ་རེད། །