བོད་ལྗོངས་སློབ་ཆེན་གྱི་གཟུགས་འདུས་ཤུལ་བཞག་རིག་གནས་ཞིབ་འཇུག་བྱ་གཞི་ལ་ཐོག་དང་པོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པས་ཐོ་འགོད་རོགས་སྐྱོར་ཐོབ།

    ཞིན་ཧྭ་དྲ་བ།    2013-11-28

ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན།གསར་འགོད་པས་སྤྱི་ཟླ11པའི་ཚེས26ཉིན་བོད་ལྗོངས་སློབ་ཆེན་ནས་རྒྱུས་ལོན་པ་ལྟར་ན། བོད་ལྗོངས་སློབ་ཆེན་གྱི༼བོད་ལྗོངས་གཟུགས་འདུས་ཤུལ་བཞག་རིག་གནས་ལེགས་སྒྲིག་བྱེད་པ་དང་།རྒྱུད་འཛིན་ཞིབ་འཇུགགྲངས་འཛིན་སྲུང་སྐྱོབ༽ཅེས་པའི་འབྲེལ་ཡོད་ཞིབ་འཇུག་བྱ་གཞི་ལ་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པས་དམིགས་འགུགས་རྣམ་གྲངས་གལ་ཆེན(སྐོར་གཉིས་པའི)ཐོ་འགོད་རོགས་སྐྱོར་ཐོབ་པས། དེ་ནི་བོད་ལྗོངས་ཀྱི་མཐོ་སློབ་ཡོད་ཚད་ཀྱིས་ཐོག་དང་པོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པས་དམིགས་འགུགས་རྣམ་གྲངས་གལ་ཆེན་ཐོབ་པ་རེད།
བོད་ལྗོངས་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་ཁྲུའུ་ཡི་ཁྲུའུ་ཀྲང་ཏིང་ལིང་ཧའེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ༼བོད་ལྗོངས་གཟུགས་འདུས་ཤུལ་བཞག་རིག་གནས་ལེགས་སྒྲིག་བྱེད་པ་དང་། རྒྱུད་འཛིན་ཞིབ་འཇུགགྲངས་འཛིན་སྲུང་སྐྱོབ༽ཅེས་པ་ནི་བོད་ལྗོངས་སློབ་ཆེན་གྱིས་བོད་ལྗོངས་གཟུགས་འདུས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་། བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་ཁང་བཅས་མཉམ་འབྲེལ་བྱས་ཏེ། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་དགེ་བཤེས་ཆེན་མོ་ངག་དབང་འཇིགས་མེད་དབུ་བཞུགས་ཆེད་མཁས་པ་རུ་བཞག་ཏེ་སྙན་ཞུ་བྱས་པ་ཡིན་ཏེ། ཉེ་ཆར་རྒྱལ་ཡོངས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཆར་འགོད་མགོ་ཁྲིད་ཚོགས་ཆུང་གིས་མཆོག་མཆན་བཀོད་དེ་ཐོ་འགོད་བྱས་པ་མ་ཟད། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩ་ཚོགས་པས་ཐོ་འགོད་རོགས་སྐྱོར་མ་དངུལ་སྒོར་ཁྲི80ཐོབ་པ་རེད།
གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་ཐིན་གཟུགས་འདུས་ཤུལ་བཞག་རིག་གནས་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། 2006ལོར་བོད་ལྗོངས་ཀྱིས་ཕྱོགས་ཡོངས་ནས་གཟུགས་འདུས་ཤུལ་བཞག་རིག་གནས་ལ་ཡོངས་ཁྱབས་ཞིབ་བཤེར་བྱེད་པའི་བྱ་བ་འགོ་བརྩམས་ཤིང་། གཟུགས་འདུས་ཤུལ་བཞག་རིག་གནས་ལ་ཡོངས་ཁྱབས་ཞིབ་བཤེར་བྱེད་པའི་ལས་དོན་རུ་ཁག12བཙུགས་ཏེ། བོད་ལྗོངས་ཀྱི་ས་གཞི་སྤྱི་ལེ་གྲུ་བཞི་མ་ཁྲི120བརྒྱུད་དེ། བོད་ལྗོངས་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་དང་། གྲངས་ཀ ཁྱབ་ཚུལ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་པས། ཞིབ་བཤེར་བྱས་པ་བརྒྱུད། བོད་ལྗོངས་ཀྱིས་བསྡོམས་པས་ཟིན་བྲིས་ཡིག་ཆ་ཁྲི10ལྷག་དང་། སྒྲ་ཕབ1500ལྷག འདྲ་པར་ཁྲི4ལྷག་བཅས་འཚོལ་སྡུད་བྱས་ཤིང་། གཟུགས་འདུས་ཤུལ་བཞག་རིག་གནས་ཀྱི་རིགས10དང་། རིགས་སོ་སོའི་རྣམ་གྲངས800རྙེད་པས། གཟུགས་འདུས་ཤུལ་བཞག་རིག་གནས་ཁྲོད་ཀྱི་ཐོན་ཁུངས་ཡོད་ཚད་འདུས་ཡོད་པ་རེད།
མིག་སྔར། བོད་ཀྱི་ཟློས་གར་དང་། གེ་སར་གྱི་སྒྲུང་ལ་མཉམ་འབྲེལ་ལྷན་ཚོགས་ཀྱི་མིའི་རིགས་ཀྱི་གཟུགས་འདུས་ཤུལ་བཞག་རིག་གནས་བརྩམས་ཆོས་ཀྱི་མིང་ཐོ་ཁྲོད་བཀོད་ཡོད་ལ། གཞན་ད་རུང་ཐང་ག་དང་། བོད་ཀྱི་སྨན་བཅོས་སོགས་རྣམ་གྲངས76རྒྱལ་ཁབ་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་ཤུལ་བཞག་རྒྱུ་དངོས་ཀྱི་མིང་ཐོར་འདེམས་ཡོད་དེ། བོད་ལྗོངས་ཀྱིས་སྔ་གཞུག་ཏུ་རང་སྐྱོང་ལྗོངས་རིམ་པའི་གཟུགས་འདུས་ཤུལ་བཞག་རིག་གནས་སྐོར་བཞི་ཡི་མིང་ཐོ་བསྡོམས་པས323དང་རང་སྐྱོང་ལྗོངས་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་མི་སྣ་བསྡོམས་པས་མི227ཁྱབ་བསྒྲགས་བྱས་པ་རེད།  །
  • ལེ་ཚན་སྔོན་མ།:ལིས་ཁི་ཆང་དང་ཕིན་ཐ་རྣམ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:2013ལོའི་རི་འཛེགས་ལུས་རྩལ་པའི་དགུན་དུས་ཀྱི་སྦྱོང་བརྡར་བདེ་བླག་ངང་མཇུག་སྒྲིལ་བ།
  • དོ་སྣང་ཆེ་བའི་རྩོམ།