མངའ་རིས་ས་ཁུལ་གྱི་བབ་བསྟུན་གློག་ཤུགས་ལས་གཞི་བསྐྲུན་འགོ་ཚུགས་པ།

    བོད་ལྗོངས་འཕྲིན་དྲ།    2013-06-19

མ་དངུལ་སྒོར་དུང་ཕྱུར1.37བཏང་བའི་བོད་ལྗོངས་མངའ་རིས་ས་ཁུལ་གྱི་བབ་བསྟུན་གློག་ཤུགས་ལས་གཞི་ཉེ་དུས་དངོས་སུ་བསྐྲུན་འགོ་ཚུགས་པ་དང་། ལས་གཞི་དེ་བསྐྲུན་ཟིན་རྗེས་མངའ་རིས་ས་ཁུལ་གྱི་དགུན་དཔྱིད་གཉིས་སུ་གློག་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་རྒྱུ་རེད། ཤེས་རྟོགས་བྱས་པར་གཞིགས་ན། མངའ་རིས་ས་ཁུལ་གྱི་བབ་བསྟུན་གློག་ཤུགས་ལས་གཞིར་གཙོ་བོ་སྐམ་གློག་ས་ཚིགས་དང་སེང་གེ་ཁ་བབ་ཀྱི་ཧྥུ་ཐེ་སྟོང་ཚན 110ཡོད་པའི་གློག་འགྱུར་ས་ཚིགས་ཀྱི་རྣམ་གྲངས་གཉིས་ཚུད་ཡོད། ད་ལོའི་སྤྱི་ཟླ10པའི་ཚེས30ཉིན་ལས་གཞི་དེའི་འཕྲུལ་ཚོ་ཚང་མ་ནས་གློག་མཁོ་འདོན་ཐུབ་པ་བྱས་ཏེ། སྔོན་ལ་སེང་གེ་ཁ་བབ་གྲོང་རྡལ་གྱི་གློག་ཤུགས་དགོས་མཁོ་བསྐོང་རྒྱུ་དང་། དེ་རྗེས་རྩྭ་མདའ་དང་རུ་ཐོག དགེ་རྒྱས་བཅས་རྫོང་གསུམ་ལ་དྲ་འབྲེལ་ཐོག་ནས་གློག་མཁོ་འདོན་ཐུབ་པ་བྱེད་རྒྱུ་རེད།  །
  • ལེ་ཚན་སྔོན་མ།:ཟངས་རི་རྫོང་གིས་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ
  • ལེ་ཚན་རྗེས་མ།:ཀྲུང་དབྱང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གྲྭར་ཆེད་སྤྱོད་མ་དངུལ་སྒོར་བྱེ་བ་ལྔ་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།