ཟངས་རི་རྫོང་གིས་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།

    བོད་ལྗོངས་འཕྲིན་དྲ།    2013-06-19

སྤྱི་ཚོགས་ཐོག་བོད་སྨན་གྱི་སྨན་རྒྱུའི་དགོས་མཁོ་ཆེ་རུ་ཕྱིན་པ་དང་སྦྲགས། ད་ལོའི་ཚུན་དུ་བོད་ལྗོངས་ལྷོ་ཁ་ས་ཁུལ་ཟངས་རི་རྫོང་གིས་མ་བཅོས་རྒྱུ་ཆ་མཁོ་འདོན་འདེང་ངེས་བྱེད་པའི་རྨང་གཞིའི་ཐོག་བོད་སྨན་གྱི་སྨན་རྒྱུ་འདེབས་འཛུགས་བྱེད་པའི་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། འབོད་ཐོས་ཤང་གནས་ལུང་གྲོང་ཚོའི་འོལ་མོ་སེ་བོད་སྨན་འདེབས་འཛུགས་རྟེན་གཞི་དང་། སྦིད་པ་གྲོང་ཚོའི་ཁ་ཆེ་གུར་ཀུམ་འདེབས་འཛུགས་རྟེན་གཞི་སོགས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཟངས་རི་རྫོང་གིས་མི་དམངས་སྨན་ཁང་བོད་སྨན་པུའི་སྨན་དོན་མི་སྣ་བཞི་སྒྲིག་འཛུགས་བྱས་ཏེ། རྫོང་དེ་ཡོངས་ཀྱི་མངའ་ཁོངས་ནང་གི་ཀྲུང་ལུགས་སྨན་རྩྭའི་རྒྱུ་ཆར་མཐིལ་རྟོགས་བརྟག་དཔྱད་བྱས་པ་དང༌། སྔོ་སྨན་རིགས302དང་། ཀྲུང་ལུགས་སྨན་རྒྱུའི་རིགས310འཚོལ་བསྡུ་བྱས་པ་མ་ཟད་འབྲེལ་ཡོད་མ་དཔེ་བཟོས་པ་རེད།  །

  • ལེ་ཚན་སྔོན་མ།:ཡུས་ཀྲིན་ཧྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་པ།
  • ལེ་ཚན་རྗེས་མ།:མངའ་རིས་ས་ཁུལ་གྱི་བབ་བསྟུན་གློག་ཤུགས་ལས་གཞི་བསྐྲུན་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།