ཀྲུང་གོའི་བོད་སྐད་རླུང་འཕྲིན། 2013-06-19
སྤྱི་ཟླ6པའི་ཚེས14ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
སྤྱི་ཟླ6པའི་ཚེས་14ཉིན་ནས་ཚེས16ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཉེ་ལམ་ཧྥུའུ་ཅན་ཞིང་ཆེན་དུ་བྱ་བར་རྟོག་ཞིབ་མཛད་སྐབས། ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་ཀྱིས་མཚོ་འགག་ནུབ་འགྲམ་གྱི་དཔལ་འབྱོར་ས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། ནུས་ལྡན་བྱེད་ཐབས་སྔར་ལས་མང་པོ་ཞིག་སྤྱོད་པ་དང་། ཕན་ཡོད་ཆ་རྐྱེན་བཟང་བོ་བསྐྲུན་ཞིང་ཐེ་ཝན་གྱི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་སྤེལ་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་སུ་འགྲོ་བའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།
ཚེས14ཉིན་ནས་ཚེས16ཉིན་བར། ཡུས་ཀྲིན་ཧྲིན་སྔ་གཞུག་ཏུ་ཧྥུའུ་ཀྲིག་དང་ཕེན་ཐན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ། ཞ་མིན་སོགས་ས་ཁུལ་ལ་ཕེབས་ཏེ། ཐེ་ཝན་དང་འབྲེལ་བའི་བྱ་བར་རྟོག་ཞིབ་མཛད། རྟོག་ཞིབ་མཛད་སྐབས་ཁོང་གིས་ཐེ་ཝན་དཔལ་འབྱོར་ཉོ་ཚོང་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
ཡུས་ཀྲིན་ཧྲིན་གྱིས་ཕེན་ཐན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱ་བར་རྟོག་ཞིབ་མཛད་སྐབས་གསུངས་རྒྱུར། ཕེན་ཐན་ཕྱོགས་བསྡུས་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་བྱེད་རྒྱུ་དེ་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་གནད་ས་གཙོ་བོར་བཞག་སྟེ། ཚན་རིག་དང་མཐུན་པར་འཆར་འགོད་དང་རིམ་པ་བགར་ནས་ལག་བསྟར་བྱེད་པ་དང་། སྲིད་ཇུས་དངོས་འབེབས་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་ལ། ལྟ་རྟོག་དོ་དམ་ནན་མོ་བྱེད་པ་དང་ལྷད་མེད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས་པར་མ་ཟད། སྒོ་འབྱེད་གསར་སྤེལ་ལ་སྐུལ་འདེད་བཏང་ནས། ཕེན་ཐན་ས་ཁུལ་དེ་ཚན་རིག་འཕེལ་རྒྱས་ཀྱི་ཚོད་ལྟ་ས་ཁུལ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར།
ཡུས་ཀྲིན་ཧྲིན་གྱིས་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་སྐབས་གསུངས་རྒྱུར། རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་འགན་འཁྲི་གསལ་བོར་ཤེས་པར་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་དགོས་པར་མ་ཟད། ཐུན་མོང་གི་ངོས་ཟིན་ཇེ་དྲག་ཏུ་གཏོང་བ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ཁྲོད་དུ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10