མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-06-19
ཤེས་པ་ལྟར་ན། མ་དངུལ་དེ་དག་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་སྡོད་ཁང་འཛུགས་སྐྲུན་དང་། ཟི་ལིང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོའི་དངོས་སྦྱོང་ཐོག་ཁང་འཛུགས་སྐྲུན། ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་ངལ་རྩོལ་ལག་རྩལ་པའི་སློབ་གྲྭའི་སློབ་མའི་ཉལ་ཁང་འཛུགས་སྐྲུན། ཕེན་ཨན་རྫོང་ལག་རྩལ་པའི་སློབ་གྲྭའི་སློབ་མའི་ཉལ་ཁང་འཛུགས་སྐྲུན། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མའི་ཉལ་ཁང་འཛུགས་སྐྲུན་དང་སློབ་ཁྲིད་སྒྲིག་ཆས་ཉོ་བ་བཅས་ཀྱི་ཐད་བཀོལ་སྤྱོད་བྱེད་རྒྱུ་རེད། ལས་གཞིའི་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་སྨིས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་དྲུག་དགུ་བརྒྱ་དང་ཉེར་བཞིར་བསླེབས་ཡོད།
ད་ལྟ། ལས་གཞི་དེ་དག་གི་དུས་རིམ་སྔོན་མའི་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ཟླ་བདུན་པའི་ཟླ་སྟོད་དུ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་གཞི་རྩའི་འཛུགས་སྐྲུན་གོ་རིམ་ལྟར། ལག་བསྟར་རྩ་འཛུགས་བྱེད་པ་དང་ལས་གཞི་དོ་དམ་ལ་ཤུགས་སྣོན་པ། འགན་འཁྲི་གཙོ་བོ་གཏན་འཁེལ་གསལ་བོ་བྱས་ནས། ལྟ་སྐུལ་ཞིབ་བཤེར་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10