ལིས་ཁི་ཆང་གིས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་བ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-11

ལིས་ཁི་ཆང་གིས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་བ།
སྤྱི་ཟླ4བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་བ།  

ལིས་ཁི་ཆང་གིས་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་བ།

 སྤྱི་ཟླ4བའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་བ། 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ4བའི་ཚེས8ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་རུ་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་མ་ལར་མཇལ་འཕྲད་གནང་། 

  ལིས་ཁི་ཆང་གིས་གསུངས་རྒྱུར། ཕེ་རུ་ནི་ལ་ཏེན་མེ་གླིང་གི་རྒྱལ་ཁབ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོ་གསར་བ་དང་འབྲེལ་བ་བཙུགས་པ་ཆེས་སྔ་བའི་ལ་ཏེན་མེ་གླིང་གི་རྒྱལ་ཁབ་ནང་གི་གཅིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ཀྲུང་གོ་དང་ཕེ་རུ་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་སྐྲུན་བྱེད་པའི་ཐུན་མོང་གི་ལྟ་བ་གསར་བ་དང་རེ་བ་གསར་བ་གཞིར་བཟུང་སྟེ། མཛའ་མཐུན་གཉིས་ཕན་མཉམ་ལས་འབྲེལ་བ་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

  ཝུའུ་མ་ལ་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཕེ་རུའི་ཉོ་ཚོང་གྲོགས་པོ་དང་ཕྱི་དངུལ་ཀྱི་ཡོང་ཁུངས་ཆེས་ཆེ་བའི་རྒྱལ་ཁབ་ཞིག་ཡིན་པས། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཀྲུང་གོ་ཕྱོགས་དང་གཞོགས་འདེགས་དམ་པོ་བྱས་ནས། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་། ཞིང་ལས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། སློབ་གསོ། ཚན་རྩལ་སོགས་ཕྱོགས་ཀྱི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་དང་ཀྲུང་གོ་དང་ལ་ཏེན་མེ་གླིང་བར་གྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །


 

  • ལེ་ཚན་སྔོན་མ།:《ཀན་ལྷོའི་བོད་ཀྱི་དམངས་གླུ་གཅེས་བསྡུས》མི་འགྱངས་པར་པར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུ་རེད།
  • ལེ་ཚན་རྗེས་མ།:ལིས་ཁི་ཆང་གིས་ཧྥུན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐི་ལ་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།