མཚོ་སྔོན་པོ་དྲ་བ། 2013-04-11
རྒྱུས་ལོན་བྱུང་བ་ལྟར་ན་ཀན་ལྷོ་ཁུལ་གྱིས2005ལོ་ནས་བཟུང་ཀན་ལྷོའི་དམངས་གླུ་ལ་འཚོལ་བསྡུ་སྲུང་སྐྱོབ་བྱེད་འགོ་བརྩམས་ཤིང་། 《ཀན་ལྷོའི་བོད་ཀྱི་དམངས་གླུ་གཅེས་བསྡུས》ཁྲོད་དུ་དམངས་གླུ780བསྡུ་སྒྲིག་བྱས་འདུག
ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཁང་གི་འགོ་གཙོ་མཱ་ཆིན་ལུའུ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན་འཚོལ་བསྡུ་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་ཚོས་བོད་ཀྱི་དམངས་གླུའི་གཉུག་མའི་གདངས་དབྱངས་སོར་བཞག་བྱས་ཡོད་ཅིང་། དཔེ་དེབ་འདི་པར་བསྐྲུན་བྱེད་པའི་དམིགས་ཡུལ་ནི་ཀན་ལྷོའི་བོད་ཀྱི་དམངས་གླུ་དེ་ཡིག་ཐོག་ནས་རྒྱུད་འཛིན་བྱེད་པར་མ་ཟད། དམངས་གླུ་ལ་དགའ་བའམ་ཡང་ན་དེར་ཞིབ་འཇུག་བྱེད་མཁན་རྣམས་ལ་རྒྱུ་ཆ་གལ་ཆེན་ཞིག་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་པ་རེད།
མཱ་ཆིན་ལུའུ་ལགས་ཀྱིས་བཤད་རྒྱུར། ཁོང་ཚོས་ཡིག་ཐོག་གི་རྒྱུ་ཆ་བསྡུ་ཉར་བྱས་རྗེས། བརྙན་གཟུགས་ཕབ་བསྐྲུན་བྱས་ནས་གཟུགས་རིས་ཀྱི་ལམ་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་རིག་གནས་འཛིན་སྤེལ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10