ནུབ་བྱང་མི་རིགས་སློབ་ཆེན་དུ“འགྲན་སློང་བུམ་པ”ཞེས་པའི་དཔྱད་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས་པ།

    མཚོ་སྔོན་པོ་དྲ་བ།    2013-04-11

ནུབ་བྱང་མི་རིགས་སློབ་ཆེན་དུ“འགྲན་སློང་བུམ་པ”ཞེས་པའི་དཔྱད་རྩོམ་དཔྱད་གླེང་ཚོགས་འདུ་བསྡུས་པ།
འགྲན་སློང་བུམ་པ་ཞེས་པའི་དཔྱད་རྩོམ་དཔྱད་གླེང་ཚོགས་འདུ་སྡུད་བཞིན་པ།

 ཉེ་ཆར་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གིས་སྐབས་དྲུག་པའི་འགྲན་སློང་བུམ་པ་ཞེས་པའི་ཡིག་ཆའི་དགོངས་དོན་ལྟར། སློབ་གླིང་ནང་ཁུལ་དུ་སློབ་མའི་སློབ་གསེང་གི་རིག་གཞུང་ཚན་རྩལ་འགྲན་སྡུར་གྱི་དཔྱད་གླེང་ཆེད་མཁས་ཚན་ཆུང་བཙུགས་ནས། སློབ་མའི་ཁྲོད་འགྲན་སློང་བུམ་པ་ཞེས་པའི་སློབ་ཆེན་པའི་སློབ་གསེང་གི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་སྡུར་གྱི་འབྲེལ་ཡོད་དོན་ཚན་ཁྱབ་སྒྲོག་བྱས་ཤིང་། སློབ་སྐབས་གཅིག་རིང་དཔྱད་རྩོམ185བསྡུས་པ་རེད།

སྤྱི་ཟླ3པའི་ཚེས20ཉིན། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་དུ་འགྲན་སློང་བུམ་པ་ཞེས་པའི་སློབ་ཆེན་པའི་སློབ་གསེང་གི་རིག་གཞུང་ཚན་རྩལ་བརྩམས་ཆོས་འགྲན་སྡུར་གྱི་དཔྱད་གླེང་ཚོགས་འདུ་བསྡུས་པ་རེད། འགྲན་ཚོགས་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་སོ་སོའི་དཔྱད་རྩོམ་གྱི་ཁ་བྱང་འདེམ་པའི་དམིགས་ཡུལ་དང་སྤྱི་ཁོག བརྗོད་བྱ་བཅས་མཚམས་སྦྱོར་བྱས་ཤིང་། དགེ་སློབ་རྣམས་ཀྱིས་ཚ་ཚ་འུར་འུར་གྱིས་རྩད་སྡུར་རྒྱ་ཆེན་པོ་བྱས་མཐར་ལོ་རིམ2009གི་རྩོམ་རིག་འཛིན་གྲྭ1པོའི་སློབ་མ་བཀྲ་ཤིས་རྒྱལ་གྱི་དཔྱད་རྩོམ《སུམ་རྟགས་གཉིས་ཐོན་མིས་བརྩམས་པ་ཡིན་མིན་ལ་དཔྱད་པ》ཞེས་པ་སོགས་ནང་དོན་ཕུན་སུམ་ཚོགས་པ་དང་། རིག་གཞུང་ཞིབ་འཇུག་གི་རིན་ཐང་དོད་པོ་ལྡན་པ། གནད་དུ་འཐིངས་པའི་ལྟ་བ་མངོན་གསལ་ཡིན་པའི་དཔྱད་རྩོམ30སློབ་གྲྭ་ཡོངས་ཀྱི་བརྩམས་ཆོས་འགྲན་སྡུར་ཁྲོད་ཞུགས་པར་འོས་སྦྱོར་བྱས། དེའི་རྗེས་ཡར་ཞུ་བྱས་པའི་བརྩམས་ཆོས30དང་དེའི་འཕྲོའི་བརྩམས་ཆོས་རྣམས་ཐེངས་གཉིས་པར་དཔྱད་གླེང་བྱས་ནས། བོད་ཀྱི་སྐད་ཡིག་དང་རིག་གནས་སློབ་གླིང་གི་འགྲན་སློང་བུམ་པ་ཞེས་པའི་དཔྱད་རྩོམ་གཅེས་བསྡུས་ཤིག་པར་བསྐྲུན་བྱེད་གྲབས་ཡོད་པ་རེད།

ཐེངས་འདིའི་བྱ་འགུལ་གྱིས་སློབ་མའི་རྩོམ་འབྲིའི་ནུས་པ་སྐྱེད་སྲིང་དང་། སློབ་མའི་ཚན་རིག་ཞིབ་འཇུག་གསར་གཏོད་དང་འཚོལ་ཞིབ་བྱེད་པའི་ནུས་པ་མཐོ་རུ་འདེགས་པ། རིག་གཞུང་ཞིབ་འཇུག་གི་མཐོང་རྒྱ་ཡངས་པར་བསྐྱེད་པ་སོགས་སུ་དགེ་མཚན་ཆེན་པོ་ལྡན་ཞིང་། སློབ་མ་རྣམས་ཀྱིས་མ་འོངས་པར་རིག་གཞུང་ཞིབ་འཇུག་གི་ལས་ལ་འཇུག་པར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།  ། 


 

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་པོ་ཨོ་ཨེ་ཤ་ཡའི་གླེང་སྟེགས་ཀྱི2013ལོའི་ལོ་ཚོགས་ལ་ཞུགས་ཏེ་གསུང་བཤད་གནང་བ།
  • ལེ་ཚན་རྗེས་མ།:《ཀན་ལྷོའི་བོད་ཀྱི་དམངས་གླུ་གཅེས་བསྡུས》མི་འགྱངས་པར་པར་བསྐྲུན་འགྲེམ་སྤེལ་བྱེད་རྒྱུ་རེད།
  • དོ་སྣང་ཆེ་བའི་རྩོམ།