གཟི་རྩ་སྡེ་དགུ་རྫོང་གི་ཤང་དང་གྲོང་བརྡལ17གྱིས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཕྱི་ལྟེ་གནས་འཛུགས་རྒྱུ་ཡིན་པ།
རྔ་བ་གསར་འགྱུར་དྲ་བ། 2013-04-10
ཉེ་ཆར། སྨྱུག་ཐོགས་པས་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གཟི་རྩ་སྡེ་དགུ་རྫོང་གི་འབྲེལ་ཡོད་སྡེ་ཁག་ནས་ཤེས་གསལ་བྱུང་བ་ནི། གཟི་རྩ་སྡེ་དགུ་རྫོང་གིས2014ལོའི་ཟླ10བའི་ཚེས30ཉིན་གྱི་སྔོན་དུ། ཁྱོན་ཡོངས་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་བརྡལ17གྱི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཕྱི་ལྟེ་གནས་ཚད་ལྡན་ཅན་དུ་གཏང་རྒྱུ་དང་སྲིད་དོན་ཞབས་ཕྱི་ཆ་སྙོམས་ཅན་བཅས་ཁྱོན་ཡོངས་ཁེབས་པར་མངོན་དུ་བསྒྱུར་རྒྱུ་རེད།
ཞབས་ཕྱི་ལྟེ་གནས་ཀྱི་འཛུགས་སྐྲུན་ནི“ཚོམས་ཆེན་གཅིག་བསྡུས་སྒོ་འབྱེད་ཀྱི་གཞུང་ལས་རྣམ་པ”ཅན་གཙོ་བོར་བཟུང་སྟེ། དམངས་སྲིད་དང་སྤྱི་ཚོགས་ངལ་རྩོལ་འགན་སྲུང་། འཆར་ལྡན་བུ་བཙའ། ཞིང་ནགས་ཕྱུགས་ལས། དེ་མིན་ཞིང་སྐྱོང་སྲིད་ཇུས་དང་མང་ཚོགས་སྣེ་ལེན་ལ་སོགས་པའི་ཞབས་ཕྱི་སྒེའུ་ཁུང་འཛུགས་རྒྱུ་དང་། མང་ཚོགས་དང་འབྲེལ་བ་དམ་པོར་ཡོད་པའི་སྤྱི་པའི་ཞབས་ཕྱི་ལས་གཞི་དང་སྤྱི་ཚོགས་རྒུད་སྐྱོབ། ཞིང་ལས་ཁ་གསབ་གཏོང་སྤྲོད། མི་སྒེར་གྱིས་ཁང་བ་ལས་པ། འཆར་ལྡན་བུ་བཙའ། དམངས་སྲིད་གཟིགས་སྐྱོང་། ངལ་རྩོལ་འགན་སྲུང་། ཞིང་ནགས་ཆུ་བེད། བཟོ་ཚོང་། ཁྲལ་དོན། ཁྱིམ་ཐོ་སོགས་ཐད་ཀར་མི་དམངས་མང་ཚོགས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་ཞིབ་མཆན་གནང་བའི་ལས་གཞི་དང་སྤྱི་པའི་ཞབས་ཕྱི་ལས་གཞིའི་བདག་སྤྲོད་ཐག་གཅོད་བྱ་བ་བཅས་ལ་འགན་འཁུར་རྒྱུ་དང་། ཤུགས་ཆེན་པོས“ཚོམས་ཆེན་གཅིག་དང་སྒེའུ་ཁུང་གཅིག་དང་འབྲུག་ལུས་གཅིག་ལྟ་བུའི”ཞབས་ཕྱི་ཁྱབ་སྤེལ་བྱ་རྒྱུ་ཡིན་པ་རེད། །