བདེ་ཆེན་རྫོང་གིས་ཞིང་ལས་ཐོན་རྫས་རྫུན་མར་རྡུང་རྡེག་བྱེད་པའི་བྱ་འགུལ་སྤེལ་བ།

    ཀྲུང་གོ་བོད་ཀྱི་དྲ་བ།    2013-04-10

སྤྱི་ཟླ3པའི་ཚེས28ཉིན་ནས་བཟུང་།  ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་སྤྱི་བདེ་ཅུའུ་དཔལ་འབྱོར་ཉེན་རྟོག་རུ་ཁག་གིས་བདེ་ཆེན་རྫོང་བཟོ་ཚོང་ཅུའུ་དང་བདེ་ཆེན་རྫོང་རྒྱུ་སྤུས་ལྟ་སྐུལ་ཅུའུ།  བདེ་ཆེན་རྫོང་ཞིང་ལས་ཚན་རྩལ་ཅུའུ་བཅས་ཐད་གཏོགས་ཁུལ་གྱི་མངགས་གཏོང་ཁང་སོ་སོར་མཉམ་འབྲེལ་བྱས་ཏེ་དུས་ཡུན་གཟའ་འཁོར1རིང་གི་ཞིང་ལས་ཐོན་རྫས་རྫུན་མར་རྡུང་རྡེག་བྱེད་པའི་ཆེད་དོན་བྱ་འགུལ་སྤེལ།

སྤྱི་ཟླ3པའི་ཚེས30ཉིན།  མཉམ་འབྲེལ་ཁྲིམས་འཛིན་ཚན་ཆུང་གིས་ཡན་མོན་ཤང་དུ་ཚོང་ལ་འགྲོ་བའི་ཉིན་མོ་དེ་དང་བསྟུན་ནས་མཉམ་འབྲེལ་དྲིལ་བསྒྲགས་བྱ་འགུལ་སྤེལ་བ་དང་།  ཞིང་ལས་ཐོན་རྫས་རྫུན་མའི་གནོད་འཚེ་དང་ཐོན་རྫས་རྫུན་མར་ཇི་ལྟར་དབྱེ་འབྱེད་བྱེད་པའི་རྒྱུན་ཤེས་དྲིལ་བསྒྲགས་བྱས་ཏེ།  རྒྱ་ཆེའི་མང་ཚོགས་ལ་ཞིང་ལས་ཐོན་རྫས་རྫུན་མ་ཕྱིར་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་ཡར་ཞུ་བྱེད་པར་སྐུལ་མ་བཏང་།

ཤེས་གསལ་བྱུང་བ་ལྟར་ན།  ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་ལས་བསྡོམས་པས་དྲིལ་བསྒྲགས་ཡིག་ཆ200ལྷག་འགྲེམ་སྤེལ་བྱས་པ་དང་།  ཡུལ་དངོས་སུ་ད་དུང་འདྲི་གཅོད་སྟེགས་བུ་བཙུགས་ནས།  གནས་འདིར་ཡོང་ནས་འདྲི་གཅོད་བྱེད་པའི་མང་ཚོགས་མི་ཐེངས250སྣེ་ལེན་བྱས།  མིག་སྔར་བྱ་འགུལ་ད་དུང་སྤེལ་བཞིན་པའི་སྒང་ཡིན་ལ།  སྔོན་དཔག་ལྟར་ན་བྱ་འགུལ་འདི་རྫོང་ཡོངས་ཀྱི་ཤང6དང་གྲོང་རྡལ2ཀྱི་ས་བོན་དང་ཞིང་སྨན།  ལུད་རྫས།  ཕྱུགས་སྨན་ཕྱིར་འཚོང་བྱེད་ས་དང་ཞིང་ལས་འཕྲུལ་ཆས་ས་ཚིགས་སོགས་ནས་སྤེལ་རྒྱུ་རེད། 

  • ལེ་ཚན་སྔོན་མ།:བདེ་ཆེན་ཁུལ་གྱིས“དཔྱིད་དཔལ་བྱ་འགུལ”སྤེལ་བ།
  • ལེ་ཚན་རྗེས་མ།:གཟི་རྩ་སྡེ་དགུ་རྫོང་གི་ཤང་དང་གྲོང་བརྡལ17གྱིས་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཕྱི་ལྟེ་གནས་འཛུགས་རྒྱུ་ཡ
  • དོ་སྣང་ཆེ་བའི་རྩོམ།