ཀྲུང་གོ་བོད་ཀྱི་དྲ་བ། 2013-04-10
བྱ་འགུལ་ལས་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མ་དང་ལས་ཤོར་མི་སྣ། ཞིང་སྡེའི་རྩོལ་ལས་ལྷག་མ་སོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་གཙོ་བྱས་ཏེ། སྔར་ལས་ལྷག་པར་སྤྱི་སྤྱོད་ལས་ཞུགས་ཞབས་ཞུའི་ནུས་ཤུགས་དང་ཆུ་ཚད་མཐོར་འདེགས་བྱེད་རྒྱུ་དང་། ཁེ་ལས་དང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་དྲིལ་བསྒྲགས་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་ཚོང་རར་ལས་གནས་མཁོ་བའི་བརྟག་དཔྱད་སྤེལ་བ་བཅས་བསྡོམས་པས་ལས་ཞུགས་རོགས་སྐྱོར་བྱང་བུ2500ལྷག་འགྲེམ་སྤེལ་བྱས། བདེ་ཆེན་ཁུལ་དང་རྫོང་རིམ་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་འབད་པ་བྱས་འོག སེམས་ཀྱི་ཉི་ཟླ་རྫོང་དུ་ཞིན་རུང་རླངས་འཁོར་བཟོ་ཚོང་ཀུང་ཟི་དང་གཡུ་འབྲུག་སྐྱེ་དངོས་ཀུང་ཟི། ཐེན་ཅེ་ཧྲེན་ཁྲོན་གསོལ་ཁང་ཆེན་མོ་སོགས་ལས་གནས་མཁོ་བའི་ལས་ཁུངས46རྩ་འཛུགས་བྱས་ནས། གནས་སྐོར་དང་ཞབས་ཞུ། ཚོང་གཉེར་བ་དང་གཞུང་ལས་ཁང་གི་དྲུང་ཡིག་བཅས་ལས་གནས860འདོན་སྤྲོད་བྱས།
བྱ་འགུལ་སྤེལ་བའི་གོ་རིང་ཁྲོད་དྲིལ་བསྒྲགས་ཡིག་ཆ2800ལྷག་འགྲེམ་སྤེལ་བྱས་པ་མ་ཟད། སྨྱན་བྱད་སོ་སོར་བརྟེན་ནས་ཁེ་ལས་དང་ལས་ཞུགས་མཁོ་བའི་མི་སྣ་རྣམས་ལ་ཕྱོགས་ཡོངས་ནས་ལས་ཞུགས་རོགས་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་། ཁོ་ཚོར་སྲིད་གཞུང་གིས་ལས་ཞུགས་ཐད་ཀྱི་སྲིད་ཇུས་དང་བྱེད་ཐབས་རྒྱུས་ལོན་བྱེད་པར་རོགས་འདེགས་བྱས། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10