ཞི་ཅིན་ཕིན་གྱིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2013-04-09

ཞི་ཅིན་ཕིན་གྱིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད་པ།

 

 སྤྱི་ཟླ4བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད་པ།
 

ཞི་ཅིན་ཕིན་གྱིས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད་པ།

  སྤྱི་ཟླ4བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་སྤྱི་ཟླ4བའི་ཚེས6ཉིན་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་ཙན་པི་ཡ་རྒྱལ་ཁབ་ཀྱི་ཙུང་ཐུང་ས་ཐ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་ཙན་པི་ཡའི་བར་གྱི་འབྲེལ་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ། ཨ་ཧྥེ་རི་ཁའི་གནས་ཚུལ་སོགས་ཐུན་མོང་གིས་ཐུགས་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་ཟབ་མོ་མཛད་པར་མ་ཟད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་བཤེས་ལ་གཅེས་སྤྲས་བྱེད་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོ་དང་ཙན་པི་ཡའི་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།

  ཞི་ཅིན་ཕིན་གྱིས་གསུང་རྒྱུར། ཀྲུང་གོ་དང་ཙན་པི་ཡའི་བར་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ལྡན་པ་དང་། རྒྱལ་ཁབ་གཉིས་ཀྱི་རྒན་རབས་པའི་མགོ་ཁྲིད་ཀྱིས་བསྐྲུན་པའི་ཀྲུང་གོ་དང་ཙན་པི་ཡའི་བར་གྱི་མཛའ་མཐུན་ལས་དོན་ལ་ལོ་རྒྱུས་ཀྱི་ཉམས་སད་ཐེག་པ་དང་། ཕྱོགས་གཉིས་ཀྱིས་ཕར་རོལ་ཕྱོགས་ཀྱི་ཁེ་ཕན་གལ་ཆེན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པར་མ་ཟད། རང་སོ་སོའི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ལས་དོན་ཁྲོད་ཕན་ཚུན་ལ་རོགས་རམ་བྱས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་ལ། ཙན་པི་ཡ་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་མཛའ་བཤེས་རྒྱུན་འཛིན་དང་དར་སྤེལ་བྱས་ནས། བབ་བསྟུན་མདུན་སྐྱོད་བྱེད་པ་དང་། ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར།

  ཐ་ས་ཡིས་བཤད་རྒྱུར། ཀྲུང་གོ་ནི་ཙན་པི་ཡ་དང་ཨ་ཧྥེ་རི་ཁའི་མི་དམངས་ཀྱི་བློ་གཏོད་ཆོག་པའི་གྲོགས་པོ་བཟང་བོ་ཞིག་ཡིན། ཙན་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཙན་པི་ཡའི་ཞིང་ལས་དང་ཉ་ལས། ཕྱུགས་ལས། བཟོ་ལས་དང་ཚོང་ལས། རྨང་གཞིའ་སྒྲིག་ཆས་བཅས་འཕེལ་རྒྱས་སུ་གཏོང་བར་རོགས་རམ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་ཀྱི་ཚུ་ཚད་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བྱེད་བཞིན་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:ཞི་ཅིན་ཕེན་གྱིས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་མཛད་པ།
  • ལེ་ཚན་རྗེས་མ།:སློབ་གསོ་པུའུ་ཡིས་རྒྱལ་ཡོངས་སློབ་གྲྭ་ཚང་མས་ཟས་རིགས་ཆུད་ཟོས་གཏོང་བ་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོ
  • དོ་སྣང་ཆེ་བའི་རྩོམ།