མཚོ་སྔོན་བོད་སྐད་རླུང་འཕྲིན། 2013-04-09
སྤྱི་ཟླ4བའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་མཛད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་སྤྱི་ཟླ4བའི་ཚེས6ཉིན་ཧེ་ནན་ཞིང་ཆེན་གྱི་སན་ཡ་གྲོང་ཁྱེར་ནས་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡ་དང་གྲོས་མོལ་མཛད་པ་དང་། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བ་དང་ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད་པར་མ་ཟད་ཐུན་མོང་གི་ལྟ་ཚུལ་བྱུང་།
གྲོས་མོལ་མཛད་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། མོ་ཞི་ཁོ་ཕྱོགས་དང་མཉམ་དུ་ཕྱོགས་འགའི་བྱ་བ་བཟང་བོར་སྒྲུབ་འདོད་ཡོད། གཅིག འཐབ་ཇུས་ཐད་ནས་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། གཉིས། གཉིས་ཕན་མཉམ་རྒྱལ་ལ་སྐུལ་འདེད་གཏོང་བ། གསུམ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། བཞི། སྣ་མང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་བཅས་ཡིན་ཟེར།
ཕེ་ཉི་ཡ་ཡིས་བཤད་རྒྱུར། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ནང་རྐྱེན་ཅན་གྱི་འབྲེལ་འདྲིས་དང་གྲོས་མོལ་སྲུང་འཛིན་བྱེད་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས། དངུལ་གཏོང་བཅས་ཀྱི་མཉམ་ལས་རྒྱ་བསྐྱེད་པར་མ་ཟད་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། མོ་ཞི་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་དང་ལ་ཏེན་མེ་གླིང་། ཨེ་ཤ་ཡའི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10