མཚོ་སྔོན་པོ་དྲ་བ། 2013-04-09
བོད་ལྗོངས་ཀྱི2013ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའམ་འཛིན་ཡིག་གནང་བའི་མཛད་སྒོའི་ཡུལ་དངོས།
མཛད་སྒོའི་སྟེང་རྟགས་གསལ་གཏོང་བཞིན་པ།
ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས5ཉིན། བོད་ལྗོངས་ཀྱི2013ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའམ་འཛིན་ཡིག་གནང་བའི་མཛད་སྒོ་ལྷ་སའི་གཙུག་ལག་ཁང་དུ་བསྡུས་པ་རེད། ཐེངས་འདིའི་ཡོན་གནས་གནང་བའི་རྒྱུགས་གཞིའི་ཁྲོད་བོད་ལྗོངས་ཀྱི་བཙུན་པ་བརྒྱད་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་བཞག་པ་རེད།
ཐེངས་འདིའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པའི་བྱེད་སྒོའི་སྟེང་ཞུགས་པའི་བཙུན་པ་རྣམས་ཀྱིས་གཞུང་བཀའ་པོད་ལྔ་དང་འབྲེལ་བའི་དྲི་བ་དག་ལ་ཚ་ཚ་འུར་འུར་གྱི་རྩོད་པ་རབས་དང་རིམ་པ་བྱས་མཐར་གཟེངས་སུ་ཐོན་པའི་བཙུན་པ་བརྒྱད་ཀྱིས་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་ཐུབ་པ་རེད། སེ་ར་དགོན་པ་ནས་ཡོང་བའི་བཙུན་པ་བློ་བཟང་དར་རྒྱས་ལགས་ཀྱིས་ཐེངས་འདིའི་དམ་བཅའ་འཇོག་པའི་བྱེད་སྒོའི་ཁྲོད་ཨང་དང་པོ་བླངས་པ་རེད།
ཐེངས་འདིའི་རྟགས་གསལ་གཏོང་བའི་བྱེད་སྒོ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་བོད་ལྗོངས་ཡན་ལག་ཛོགས་པས་རྩ་འཛུགས་བྱས་པ་ཡིན་ཞིང་། དཔྱད་སྡུར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་བཙུན་པ། དད་ལྡན་མང་ཚོགས་སོགས་མི300ལ་ཉེ་བ་ཞིག་ཞུགས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10