དཔལ་འབྱོར་མཉམ་ལས་ཁང་གིས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་དུ་བཅུག

        2013-04-08

བོད་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་འབྲི་རུ་གྲོང་རྡལ་ཆུ་སྟག་གྲོང་གསེབ་ཀྱིས2008ལོར་འབྲི་རུ་གྲོང་རྡལ་ཆུ་སྟག་གྲོང་མི་ཨུ་ཡོན་ལྷན་ཁང་ཞིང་འབྲོག་མི་དམངས་ཀྱི་དཔལ་འབྱོར་མཉམ་ལས་ཁང་བཙུགས་པ་རེད། 2009ལོའི་ལོ་འགོར། གྲོང་གསེབ་ཡོངས་ཀྱི་དུད་ཚང56གི་གྲོང་མི་རྣམས་ཀྱིས་ཆུ་སྟག་གྲོང་གསེབ་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱངས་སྒྲོལ་གྱིས་སྐུལ་མ་བྱས་འོག  དུད་ཚང་རེས་མ་དངུལ་སྒོར2000གཏོང་འཇོག་བྱས་ཏེ་ཁྱུང་ཆུ་རྟགས་ཅན་གྱི་རྩམ་པ་བཟོ་གྲྭ་བཙུགས་པ་རེད། ལོ་འགར་འཕེལ་རྒྱས་གཏོང་བར་བརྒྱུད་ད་ལྟ་རྩམ་པའི་བཟོ་གྲྭའི་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི200ལས་བརྒལ་ཞིང་ཆ་སྙོམས་དུད་ཚང་རེར་ཟླ་བ་རེར་ཡོང་འབབ་སྒོར1500ལ་འཕར་བ་རེད།
 
  • ལེ་ཚན་སྔོན་མ།:ཧྲང་ཧའེ་ནས་མི་ལH7N9འགོ་པའི་ཀྲུང་ལུགས་གསོ་རིག་གི་སྔོན་འགོག་དང་སྐྱོབ་བཅོས་ཇུས་གཞི་གཏན་འབེབས་བྱས་པ།
  • ལེ་ཚན་རྗེས་མ།:《ལང་ཚོའི་སྦུབས་ནང་རྨི་ལམ་མང》ཞེས་པའི་སྒྲུང་རིང་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།