ཧྲང་ཧའེ་ནས་མི་ལH7N9འགོ་པའི་ཀྲུང་ལུགས་གསོ་རིག་གི་སྔོན་འགོག་དང་སྐྱོབ་བཅོས་ཇུས་གཞི་གཏན་འབེབས་བྱས་པ།

    ཀྲུང་གོའི་བོད་སྐད་རླུང་འཕྲིན།    2013-04-08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྲང་ཧའེ་ཡིས་ཀྲུང་ལུགས་གསོ་རིག་གི་མི་ལ་འདབ་ཆགས་ཆམས་ནད་H7N9འགོ་པར་སྔོན་འགོག་དང་སྐྱོབ་བཅོས་བྱེད་མཁན་རིག་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ཟིན་པ་མ་ཟད། ཧྲང་ཧའེ་གྲོང་ཁྱེར་གྱི་མི་ལ་འདབ་ཆགས་ཆམས་ནདH7N9འགོ་པའི་ཀྲུང་ལུགས་གསོ་རིག་གི་སྔོན་འགོག་དང་སྐྱོབ་བཅོས་ཇུས་གཞི་གཏན་འབེབས་བྱས་ཡོད་པ་རེད།

རིག་གཅིག་མཁས་པས་སྨན་བཅོས་བྱེད་པའི་ཐད། སྔ་ཙམ་ནས་ཚ་སེལ་བ་དང་། དུག་སེལ་བྱེད་པ། སྐམ་སེལ་བྱེད་པ། དགེ་སྤེལ་སྐྱོན་སྤོང་གི་རྩ་དོན་ལ་གཞིགས་ནས་སྔོན་འགོག་བྱེད་དགོས་པ་དང་། ཆམས་པ་ཕོག་པའི་དུས་རིམ་སྔ་མར། སྨན་པའི་མཛུབ་ཁྲིད་འོག་ཀྲུང་ལུགས་སྨན་གཏོང་དགོས། སྔོན་འགོག་དང་ཚོད་ཐད། བཟའ་འཐུང་གི་རིགས་ཞག་ཚི་ཉུང་ཙམ་དང་འཚོ་བཅུད་ལྡན་པ་དགོས་པ་དང་། རྗེན་པ་དང་གྲང་མོ་ཉུང་ཙམ་བཟའ་བ། ཞག་ཚི་ཆེན་པོ་་དང་ཁ་ཚ་པོ་ཉུང་ཙམ་བཟའ་དགོས་པའི་གྲོས་འགོ་བཏོན་ཡོད་པ་རེད།  །

  • ལེ་ཚན་སྔོན་མ།:ས་ཆེས་མཐོ་བའི་ལྕགས་རྟ་འགྲན་རྒྱུག་བོད་ལྗོངས་བྲག་གསུམ་མཚེའུ་རུ་སྤེལ་རྒྱུ་རེད།
  • ལེ་ཚན་རྗེས་མ།:དཔལ་འབྱོར་མཉམ་ལས་ཁང་གིས་ཞིང་འབྲོག་མི་དམངས་ཀྱི་ཡོང་འབབ་འཕར་དུ་བཅུག
  • དོ་སྣང་ཆེ་བའི་རྩོམ།