ས་ཆེས་མཐོ་བའི་ལྕགས་རྟ་འགྲན་རྒྱུག་བོད་ལྗོངས་བྲག་གསུམ་མཚེའུ་རུ་སྤེལ་རྒྱུ་རེད།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2013-04-03

བྲག་གསུམ་མཚེའུ་ཡུལ་ཁོངས་ཀྱི་རང་བྱུང་དང་མིས་བཟོའི་ཁོར་ཡུག་གི་སྣ་མང་རང་བཞིན་མངོན་མཚོན་བྱེད་པའི་ཁར། རི་ཁུལ་གྱི་ཕྱི་སྤྱོད་ལྕགས་རྟར་དགའ་མཁན་རྣམས་ལ་ཐོན་ཁུངས་གསར་བ་ཞིག་འདོན་སྤེལ་བྱེད་པ་དང་། དེ་མིན་གནས་སྐོར་དང་རིག་གནས། ལུས་རྩལ་བཅས་གཅིག་ཏུ་སྦྲེལ་བའི་ལམ་བུ་གསར་བ་ཞིག་འཚོལ་སྙེག་བྱེད་པར་དམིགས་ནས། རང་རྒྱལ་གྱི་ས་ཆེས་མཐོ་བའི་ལྕགས་རྟ་འགྲན་རྒྱུག་དེ2013ལོའི་ཟླ4པའི་ཚེས30ཉིན་ནས་ཟླ5པའི་ཚེས1ཉིན་བར་དུ་རྒྱལ་ཁབ་ཀྱི་རིམ་པ4Aཅན་གྱི་མཛེས་ལྗོངས་ཏེ་བྲག་གསུམ་མཚེའུ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་སྤེལ་རྒྱུ་རེད།
  རྒྱུས་ལོན་བྱུང་བ་ལྟར་ན། བྲག་གསུམ་མཚེའུ་མཚོ་བསྐོར་ལྕགས་རྟ་འགྲན་རྒྱུག་སྐབས་དང་པོའི་རྒྱུག་ལམ་ལ་སྤྱི་ལེ41ཡོད་པ་དང་། དེ་ལས70%ནི་རི་ཁུལ་དང30%གཞུང་ལམ་ཡིན་ལ། ཆ་སྙོམས་ཀྱིས་མཚོ་ངོས་ལས་མཐོ་ཚད་ལ་སྨི3600ལྷག་ཡོད་པས། མིག་སྔའི་བར་དུ་ཀྲུང་གོའི་ས་ཆེས་མཐོ་བའི་ལྕགས་རྟ་འགྲན་རྒྱུག་ཡིན་པ་རེད།
  • ལེ་ཚན་སྔོན་མ།:ཟླ་བ་སྒྲོལ་མ་སྐབས་བཅོ་ལྔ་བའི་རྒྱལ་ཡོངས་གཞོན་སྐྱེས་གླུ་བའི་རྟིང་རྩོད་དུ་ཚུད།
  • ལེ་ཚན་རྗེས་མ།:ཧྲང་ཧའེ་ནས་མི་ལH7N9འགོ་པའི་ཀྲུང་ལུགས་གསོ་རིག་གི་སྔོན་འགོག་དང་སྐྱོབ་བཅོས་ཇུས་གཞི་གཏན་འབེབས་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།