ཝུན་ཅ་པའོ་ཡིས་ཨེ་ཙི་ནད་འགོག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

        2012-12-03

  ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཀྲུང་ནན་ཧེ་ནས་ཨེ་ཙི་ནད་བྱུང་མཁན་དང་ཞུ་གཏུག་མི་སྣ། སྨན་བཅོས་མི་སྣ། ཚན་རིག་ཞིབ་འཇུག་མི་སྣ། དང་བླངས་མཁན། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་དང་མཉམ་དུ་བཞུགས་མོལ་མཛད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པའོ་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ནས་ཨེ་ཙི་ནད་བྱུང་མཁན་དང་ཞུ་གཏུག་མི་སྣ། སྨན་བཅོས་མི་སྣ། ཚན་རིག་ཞིབ་འཇུག་མི་སྣ། དང་བླངས་མཁན། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་དང་མཉམ་དུ་བཞུགས་མོལ་མཛད། བཞུགས་མོལ་ཚོགས་འདུའི་སྟེང་ཝུན་ཅ་པའོ་ཡིས་གསུངས་རྒྱུར། བདག་གིས་ཙུང་ལིའི་འགན་འཁུར་ནས་ལོ་བཅུའི་རིང་དུ། ལོ་རེར་སྤེལ་བཞིན་པའི་ཨེ་ཙི་ནད་འགོག་བཅོས་བྱ་འགུལ་ལ་ཞུགས་ཤིང་། ཐེངས་མང་པོར་ས་གནས་ཀྱི་ཨེ་ཙི་ནད་འགོག་བཅོབས་བྱ་བར་རྟོག་ཞིབ་བྱས་པ་དང་། ཨེ་ཙི་ནད་བྱུང་བའི་ནད་པ་དང་ཁྱིམ་ཚང་ལ་འཚམས་འདྲི་བྱས་པར་མ་ཟད་ཁོ་ཚོ་མཉམ་དུ་ལོ་སར་བ་དང་། དེ་མིན་ཨེ་ཙི་ནད་བྱུང་བའི་བྱིས་པ་དང་དྭ་ཕྲུག་ཀྲུང་ནན་ཧེ་རུ་གདན་ཞུ་བྱས་མྱོང་། ཐེངས་འདིའི་བཞུགས་མོལ་ཚོགས་འདུར་ཞུགས་པའི་མི་མི་ཉུང་བ་ཞིག་བདག་གིས་སྔོན་ཆད་མཐོང་མྱོང་བར་མ་ཟད་ལོ་མང་བོའི་གྲོགས་པོ་རྙིང་བ་རུ་གྱུར་ཡོད། ཆེད་མཁས་པ་དང་སྨན་བཅོས་མི་སྣ། དང་བླངས་མཁན་བཅས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལས་གནས་གཏན་སྲུང་དང་དཀའ་སྤྱད་འབད་བརྩོན་བྱས་ནས་ཨེ་ཙི་ནད་འགོག་བཅོས་ཐད་ལ་བྱས་རྗེས་ཆེན་པོ་བཞག་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་པ་ཡིན་ཟེར། བཞུགས་མོལ་ཚོགས་འདུའི་སྟེང་ཝུན་ཅ་པའོ་ཡིས་ད་དུང་ཚང་མས་མཚམས་སྦྱོར་བྱས་པའི་གནས་ཚུལ་དང་བཏོན་པའི་གྲོས་གཞི་ལ་ནན་ཏན་སྒོས་ཉན་པར་མ་ཟད། ཕྱིན་ཆད་ཀྱི་ཨེ་ཙི་ནད་འགོག་བཅོས་བྱ་བའི་ཐད་ལ་ཐུགས་རེ་བཏོན། །
  • ལེ་ཚན་སྔོན་མ།:སི་ཁྲོན་བོད་རིགས་ས་ཁུལ་གྱི་མྱུར་བགྲོད་གཞུང་ལམ་དང་པོ་སྟེ་དབྱིན་ཤིའུ་ནས་དབུན་ཁྲོན་བར་གྱི་མྱུར་བགྲོད་གཞ
  • ལེ་ཚན་རྗེས་མ།:ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོག
  • དོ་སྣང་ཆེ་བའི་རྩོམ།