ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ།

    བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།    2012-12-03

སྤྱི་ཚེས29ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་འཆད་འཁྲིད་ཚོགས་པའི་ཁོངས་མི། ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཁྲ་མིང་ཧོལ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་ཀྱི་ཆེན་དོན་སྙན་ཞུ་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཀྱི་ལས་བྱེད་ལས་བཟོ་པས་སྙན་ཞུ་ཉན་རྗེས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་འདི་ཉིད་ཁྲིམས་འཛུགས་ལས་ཁུངས་ཤིག་ཡིན་པའི་ངོས་ནས་ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་དེ་ཉིན་རེའི་ལས་དོན་ནང་ལག་བསྟར་དོན་འཁྱོལ་བྱས་ནས། བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་རྒྱུར་ཁྲིམས་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཀྱི་ཡིན་ཞེས་བཤད་པ་རེད།  

  • ལེ་ཚན་སྔོན་མ།:ཝུན་ཅ་པའོ་ཡིས་ཨེ་ཙི་ནད་འགོག་བཅོས་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
  • ལེ་ཚན་རྗེས་མ།:ཟླ་བ་སྒྲོལ་མས《ཟླ་བའི་ལྷ་མོ》ཞེས་པའི་རྐྱང་གཞས་གསར་བ་ཕབ་པ།
  • དོ་སྣང་ཆེ་བའི་རྩོམ།