ཡེ་ཤེས་དབྱངས་ཅན། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-10-30
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་གོ་གནས་བསྐོ་འཐེན་བྱས་ཡོད་པ་རེད།
ཧོང་ཞའོ་ཝེ་དང་ཡུའི་ཁྲུན་ཧྲེང་གཉིས་ལྟ་ཞིབ་པུའི་པུའུ་ཀྲང་གཞོན་པར་བསྐོ་བཞག་བྱས་པ་དང་། ཏའེ་ཅུན་ལེང་དམངས་སྲིད་པུའི་པུའུ་ཀྲང་གཞོན་པར་བསྐོ་བཞག་བྱས་པ། ཚད་ཆི་ཧྭ་ཆུ་བེད་པུའི་པུའུ་ཀྲང་གཞོན་པར་བསྐོ་བཞག་བྱས་པ། ཏུང་ཝེ་རིག་གནས་པུའི་པུའུ་ཀྲང་གཞོན་པར་བསྐོ་བཞག་བྱས་པ། ཉད་ཀྲེན་ཞི་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་གཞོན་པར་བསྐོ་བཞག་བྱས་པ། ཡང་ཁེ་ཆིན་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་འགོ་འཛིན་གཞོན་པར་བསྐོ་བཞག་བྱས་པ། ཝང་ཙུའུ་ཅི་ཀྲུང་གོའི་འགན་བཅོལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བསྐོ་བཞག་བྱས་པ། ཧུའུ་པའོ་ལིན་རྒྱལ་སྲིད་སྤྱི་ཁྱབ་ཁང་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པར་བསྐོ་བཞག་བྱས་པ། ལིའུ་ཡ་མིང་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བསྐོ་བཞག་བྱས་པ། མུའུ་ཀྲན་དབྱིང་དང་ཀྲའོ་ཞའོ་ཕིང་། ལིའུ་ཧྲུན་ཏ། ལི་པིང་བཅས་གཞུང་ཁོངས་ཀྱི་གལ་ཆེའི་ཁེ་ལས་ཆེ་གྲས་ལྟ་སྐུལ་ལས་དོན་ལྷན་ཚོགས་ཀྱི་ཀྲུའུ་ཞིར་བསྐོ་བཞག་བྱས་ཡོད་པ་རེད།
ཝང་ཝུན་ཀྲང་གི་རིག་གནས་པུའི་པུའུ་ཀྲང་གཞོན་པའི་འགན་གནས་མེད་པ་བཟོས་པ་དང་། ཀྲང་ཧེ་ཐའོ་ཡི་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱི་ཅུད་ཀྲང་གཞོན་པའི་འགན་གནས་མེད་པ་བཟོས་པ། ལིའུ་ཅ་ཧྥུ་ཡི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲི་ཆུའི་འགག་གསུམ་ལས་གྲྭ་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་གནས་མེད་པ་བཟོས་པ། ཚད་ཆི་ཧ་ཡི་འབྲི་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་གནས་མེད་པ་བཟོས་པ། ཝང་ཐའོ་ཅུན་གྱི་གཞུང་ཁོངས་ཀྱི་གཙོ་གནད་ཁེ་ལས་ཆེ་གྲས་ཀྱི་ལྟ་སྐུལ་ལས་དོན་ལྷན་ཚོགས་ཀྲུའུ་ཞིའི་འགན་གནས་མེད་པ་བཟོས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10