ཨུ་རུ་སིའི་དངོས་སྐྱེལ་གྲུ་གཟིངས་ཤིག་ཨིག་ཧའོ་ཚི་ཁིའི་མཚོ་ཁོངས་ནས་གར་སོང་མ་རྙེད་པ།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-30

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མི་བཅུ་གཅིག་དྲུད་ཡོད་པའི་དངོས་སྐྱེལ་གྲུ་གཟིངས་ཤིག་ཚེས28ཉིན་ཨིག་ཧའོ་ཚི་ཁིའི་མཚོ་ཁོངས་ནས་གར་སོང་མ་རྙེད་པ་དང་། རྒུད་སྐྱོབ་བྱ་བ་སྤེལ་བཞིན་པའི་སྒང་ཡིན།

ཨུ་རུ་སིའི་བྲེལ་མྱུར་གནས་ཚུལ་པུའུ་ཆ་འཕྲིན་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣས་བཤད་རྒྱུར། རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཀྱང་མིག་སྔར་ད་རུང་གྲུ་གཟིངས་གར་ཡོད་རྙེད་མེད་ལ། རྒུད་སྐྱོབ་མི་སྣ་དྲུག་དྲུད་པའི་གནམ་གྲུ་ཞིག་ཧཱ་པཱ་ལོ་ཧྥུའུ་སི་ཁི་ནས་ལམ་ལ་ཆས་ཏེ་དོན་རྐྱེན་བྱུང་སའི་མཚོ་ཁོངས་སུ་རྒུད་སྐྱོབ་བྱ་བར་རོགས་རམ་བྱེད་པར་སོང་ཡོད་ཟེར།

ཨ་མུའུ་ཨར་སི་ཁི་ཡེ་ཞེས་སུ་འབོད་པའི་དངོས་སྐྱེལ་གྲུ་གཟིངས་དེ་ཚེས28ཉིན་ཉེན་སྐྱོབ་ཀྱི་བརྡ་བཏང་རྗེས་ཨིག་ཧའོ་ཚི་ཁིའི་མཚོ་ཁོངས་ནས་གར་སོང་མ་ཤེས། མིག་སྔར་སྣུམ་འདྲུད་གྲུ་གཟིངས་ཤིག་གིས་ཉེན་སྐྱོབ་ཀྱི་བརྡ་བཏང་སའི་མཚོ་ཁོངས་སུ་སྔོག་བཤེར་བྱེད་བཞིན་ཡོད་ཀྱང་གྲུ་གཟིངས་གར་ཡོད་ད་རུང་རྙེད་མེད་ལ། ཚོད་དཔག་ལྟར་ན་རྒུད་སྐྱོབ་བྱ་བ་མཚན་གང་བོར་སྤེལ་རྒྱུ་རེད།

བསྒྲགས་པའི་གནས་ཚུལ་ལྟར་ན། དོན་རྐྱེན་བྱུང་སའི་མཚོ་ཁོངས་ཀྱི་དྲག་རླུང་དང་དྲག་ཆར་མོད་པའི་ནམ་ཟླས་རྒུད་སྐྱོབ་བྱ་བར་དཀའ་ཁག་ངེས་ཅན་བཟོ་སྲིད་ཟེར།  ། 

  • ལེ་ཚན་སྔོན་མ།:རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་གོ་གནས་བསྐོ་འཐེན་བྱས་ཡོད་པ།
  • ལེ་ཚན་རྗེས་མ།:ཏང་གི་འཐུས་མི་ཚོགས་ཆེན་ཐེངས18པ་བསུ་མ་བྱེད་པའི་པར་རིས་ཚགས་པར་འགྲེམ་སྤེལ་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།