སྐྱིད་པོ། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། 2012-10-30
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་མི་སྡོད་མཁའ་སྐྱོད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ཡང་ལི་ཝེ་ཡིས་ཉེ་ཆར་ཟུར་གསལ་གནང་བར། ལྷ་གྲུ་བཅུ་པ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་དུས་སང་འཕེན་གཏོང་བྱེད་རྒྱུ་ཡིན་པ་དང་མཁའ་སྐྱོད་པ་གསུམ་དེའི་ནང་བཞུགས་རྩིས་ཡོད་ཅིང་སྔར་བཞིན་མཁའ་སྐྱོད་པ་རྒན་གྲས་ཚོས་གཙོ་བོ་བྱེད་རྒྱུ་ཡིན་པ་རེད།
ཡང་ལི་ཝེ་ཡིས་ལྷ་གྲུ་བཅུ་པ་རྟགས་ཅན་གྱི་ལས་འགན་གཙོ་བོ་ནི་མཁའ་དབྱིངས་ཀྱི་འབྲེལ་མཐུད་ལག་རྩལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལེགས་བསྒྱུར་བྱེད་རྒྱུ་དང་སྤྱི་ལོ་2020ལོར་བར་སྣང་ས་ཚུགས་སྐྲུན་རྒྱུར་དུས་རིམ་གོང་མའི་གྲ་སྒྲིག་བྱེད་རྒྱུ་རེད་ཅེས་དང་ཁོང་གིས་ད་དུང་མིག་སྔར་ཀྲུང་གོའི་མཁའ་སྐྱོད་ལས་གཞི་དེ་ད་དུང་ལག་རྩལ་འགག་གཏོར་དུས་རིམ་ལ་གནས་ཡོད་པས་གནས་སྐབས་བར་སྣང་ཁམས་སུ་ཡུལ་སྐོར་ཏུ་སྐྱོད་རྒྱུའི་འཆར་གཞིར་བསམ་གཞིགས་བྱེད་ཀྱི་མེད་ཅེས་གསུངས་འདུག
ད་ལོའི་སྤྱི་ཟླ་6པར། ལྷ་གྲུ་དགུ་པའི་འཕུར་གྲུ་འཕེན་གཏོང་བྱེད་རྒྱུ་ལེགས་གྲུབ་བྱུང་ནས་བར་སྣང་གི་དམིགས་འབེན་དང་པོའི་འཕུར་སྐྱོད་འཕྲུལ་ཆས་ལ་རང་འགུལ་དང་ལག་འགུལ་འབྲེལ་མཐུད་བྱས་པ་དང་ཅིང་ཧེའི་ཕང་དང་ལིའི་དབང་། ལིའུ་ཡང་བཅས་ཀྱིས་བར་སྣང་ཁམས་ལ་སྐོར་བ་ཉིན་༡༣བརྒྱབ་རྗེས་ས་གཞི་རིས་མོའི་ཐོག་ཕྱིར་ལོག་བྱས་ཡོད་པ་རེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10