བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་འགྲན་བརྩམས་ཆོས་འགྲེམ་སྟོན་ཚེས15ཉིན་སྤེལ་འཆར་ཡོད་པ།

ལྷ་མོ་ཚེ་སྐྱིད།    མཚོ་སྔོན་པོ་དྲ་བ།    2012-10-15

ཟླ10བའི་ཚེས15ཉིན་གྱི་སྔ་དྲོ།  བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་རིས་བརྩམས་ཆོས་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམ་སྟོན་དེ་པེ་ཅིང་རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་རུ་ཚོགས་རྒྱུ་ཡིན་ཞིང་། ད་ལྟའི་བར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁབ་གི་འགོ་ཁྲིད་ཐེངས་འདིའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་རེད།
         འདི་ནི་ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཀྲུང་གོའི་པར་ལེན་པའི་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་གནང་ཞིང་། མི་དམངས་དྲ་བ་དང་ཞིན་ཧྭ་དྲ་བ་སོགས་དྲ་རྒྱའི་སྨྱན་བྱད24ལྷག་གིས་རོགས་སྒྲུབ་བྱས་པ་ཞིག་ཡིན། ཐེངས་འདིའི་འགྲེམ་སྟོན་དུ་བྱ་དགའ་ཐོབ་པའི་བརྩམས་ཆོས50དང་། ལེགས་བདམ་འགྲན་ཞུགས་བརྩམས་ཆོས150།  མིང་གྲགས་ཆེད་མཁས་པའི་གདན་ཞུ་བརྩམས་ཆོས50། དེ་མིན་བོད་ལྗོངས་ལོ་རྒྱུས་ཀྱི་པར་རིས་རྙིང་བ50འདུས་པའི་འགྲེམ་ཞུགས་བརྩམས་ཆོས་བསྡོམས་པས300ཡོད་ཅིང་། འགྲེམ་སྟོན་འདི་ཟླ10བའི་ཚེས20བར་སྤེལ་རྒྱུ་ཡིན་པ་དང་། འགྲེམ་ཞུགས་བརྩམས་ཆོས་ཁ་ཤས་ཤིག་ད་དུང་རྒྱལ་ཕྱི་རུ་འགྲེམ་སྟོན་བྱ་འཆར་ཡོད་པ་རེད།
  • ལེ་ཚན་སྔོན་མ།:སྙན་སྒྲུང་རོལ་དབྱངས་ཀྱི་ཟློས་གར་ཆེན་མོ་«འུན་ཤིང་ཀོང་ཇོ»ཞེས་པ་པེ་ཅིང་ནས་ཐོག་དང་པོར་འཁྲབ་སྟོན་བྱས་པ།
  • ལེ་ཚན་རྗེས་མ།:ལིའུ་ཡུན་ཧྲན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་བ།
  • དོ་སྣང་ཆེ་བའི་རྩོམ།