ལིའུ་ཡུན་ཧྲན་གྱིས་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་རྟོག་ཞིབ་གནང་བ།

སྐལ་བཟང་བདེ་སྐྱིད།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-10-16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལིའུ་ཡུན་ཧྲན་གྱིས་ཉེ་ཆར་ཤིན་ཅང་དུ་རྟོག་ཞིབ་གནང་སྐབས། བསམ་བློ་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པར་བསུ་བ་ཞུ་རྒྱུར་དམ་པོར་གཞིགས་ཏེ། གཞི་རིམ་ལ་ཕྱོགས་པའི་རིག་གནས་དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས། འོད་སྟོང་འབར་བའི་གྲུབ་འབྲས་མངོན་པ་དང་། རྩ་ཆེའི་ཉམས་མྱོང་མངོན་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་འཛུགས་སྐྱོང་བྱེད་པ་དང་། མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་གཏོད་བྱེད་པའི་བརྩེ་སེམས་མངོན་པ། གུང་ཁྲན་ཏང་ཡག་པ་དང་། སྤྱི་ཚོགས་རིང་ལུགས་ཡག་པ། བསྒྱུར་བཅོས་སྒོ་དབྱེ་ཡག་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་གླུ་གཞས་བཏང་ཐོག ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་དང་། སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་རྣམ་པ་ཟབ་མོ་བསྐྲུན་ནས། མི་རྣམས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་ཆེད་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་ཡོད་པ་རེད།

ལིའུ་ཡུན་ཧྲན་གྱིས་སྔ་ཕྱིར་ཨུ་ལུམ་ཆི་དང་། དབྱི་ལིས་སོགས་ས་ཆར་ཕེབས་ནས། གྲོང་ཚོ་དང་གྲོང་བརྡལ། གྲོང་ཁུལ། ཁེ་ལས། ཚོགས་པ། རིག་གནས་དྲིལ་བསྒྲགས་ཚན་པ་བཅས་ཁག་ཅིག་ལ་རྟོག་ཞིབ་གནང་བ་དང་། གཞི་རིམ་ལས་བྱེད་མང་ཚོགས་དང་སྤེལ་རེས་གནང་ནས། ཤིན་ཅང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་ཐད་ཁས་ལེན་གང་ལེགས་གནང་ཡོད་པ་རེད། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོག་བྱ་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོག་བྱ་རྒྱུར་བསམ་བློ་རིག་གནས་ཀྱི་རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུ་ནི་མིག་སྔའི་བསམ་བློ་རིག་གནས་དྲིལ་བསྒྲགས་ལས་དོན་གྱི་ལས་འགན་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་མཐོ་པོ་དང་། ནུས་ལྡན་གྱི་བྱེད་ཐབས་ཏན་ཏིག་ཐོག་ནས་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པ་དང་། དྲིལ་བསྒྲགས་སློབ་གསོའི་མཐོ་རླབས་ཤིག་དེ་བས་འཕྱུར་བ་བྱས་ཐོག སྤྲོ་སེམས་འཁོལ་བའི་རིག་གནས་ཁོར་ཡུག་ཅིག་བསྐྲུན་དགོས་ཞེས་བསྟན་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་བག་ཆགས་ཞེས་པའི་པར་འགྲན་བརྩམས་ཆོས་འགྲེམ་སྟོན་ཚེས15ཉིན་སྤེལ་འཆར་ཡོད་པ།
  • ལེ་ཚན་རྗེས་མ།:མགོ་ལོག་པའི་དྲ་བ་དངོས་སུ་ཤར་གཏོང་བྱས་ཡོད།
  • དོ་སྣང་ཆེ་བའི་རྩོམ།