ཅཱ་ཆིན་ལིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།

བསོད་ནམས་ཚེ་རིང་།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2012-10-15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅཱ་ཆིན་ལིན་གྱིས་ཚེས12ཉིན་པེ་ཅིན་ནས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི་ཡོངས་ལ་སྙིང་ཉེ་བས་འཚམས་འདྲི་མཛད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཁོ་ཚོར་དགའ་བསུ་ཞུས་པར་མ་ཟད་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།    ཅཱ་ཆིན་ལིན་གྱིས་བསྟན་དོན། རང་རྒྱལ་ནི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། མི་རིགས་བྱ་བ་དེ་རྒྱལ་ཁབ་ཀྱི་ཡུན་རིང་བརྟན་འཇགས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས། མི་དམངས་ཀྱི་བདེ་སྐྱིད་བཅས་ལ་འབྲེལ་བ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་ལ། བློ་མཐུན་ཧུའུ་ཅིན་ཐའོ་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གིས་མི་རིགས་སོ་སོའི་ཐུན་མོང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་གི་དར་རྒྱས་འཕེལ་རྒྱས་བརྗོད་སྙིང་དུ་བྱས་ཤིང་། ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་མི་རིགས་བྱ་བར་འཐབ་ཇུས་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། མི་རིགས་མཐུན་སྒྲིལ་གོང་འཕེལ་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཅཱ་ཆིན་ལིན་གྱིས་བསྟན་དོན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པར་རྩ་འཛུགས་བྱེད་པ་ནི་རང་རྒྱལ་གྱི་མི་རིགས་བྱ་བའི་སྲོལ་རྒྱུན་བཟང་བོ་ཞིག་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཡར་སྐུལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་ཡིན། ཚང་མས་ཐེངས་འདིའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་བྱས་ཏེ་ས་ཁུལ་སོ་སོའི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བར་གྱི་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་། ཧུར་ཐག་སྒོས་བྱེད་ཐབས་གསར་བ་དང་ཉམས་མྱོང་གསར་བར་སློབ་སྦྱོང་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས་ཟེར།

   རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་ཁོངས་མི་དག་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ནས་ཡོང་བ་དང་། ཉིས་སྟོང་དགུ་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་མི་སྣ་དང་ཉེ་བའི་ལོ་འགའི་རིང་ཞིང་ཆེན་དང་པུའུ་རིམ་པའི་གཟེངས་བསྟོད་ཐོབ་པའི་དཔེ་སྟོན་མི་སྣ་བཅས་ཀྱི་རྨང་གཞིའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གྲུབ་པ་རེད། པེ་ཅིན་ལས་གཞན་ལྟ་སྐོར་ཚོགས་པས་ད་རུང་ཀྲེ་ཅང་དང་ཧྥུའུ་ཅན་སོགས་ས་ཁུལ་དུ་ལྟ་སྐོར་བྱེད་རྒྱུ་རེད།   །

  • ལེ་ཚན་སྔོན་མ།:ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།
  • ལེ་ཚན་རྗེས་མ།:བོད་རང་སྐྱོང་ལྗོངས་ཀྱི་སྡོད་ཁང་འགན་སྲུང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།