ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།

བདེ་ཆེན་མཚོ།    མཚོ་སྔོན་པོ་དྲ་བ།    2012-10-15

ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།
ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས།

  ཟླ10བའི་ཚེས11ཉིན། སུའེ་ཏེན་རྩོམ་རིག་གླིང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན2012ལོའི་ནོ་པེའོ་རྩོམ་རིག་བྱ་དགའ་དེ་ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་གནང་ཞིང་། ཁོང་ནི་ནོ་པེའོ་བྱ་དགའ་ཐོབ་མཁན་གྱི་ཀྲུང་གོའི་རྩོམ་པ་པོ་ཐོག་མ་རེད། མོའུ་ཡཱན་ལགས་ལ་བྱ་དགའ་ཐོབ་པ་ནི་འཛམ་གླིང་གིས་ཀྲུང་གོའི་དེང་རབས་རྩོམ་རིག་ལ་ཁས་ལེན་བྱས་པ་ཡིན་ཞིང་། དེས་ཀྲུང་གོའི་རྩོམ་རིག་གི་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཆེན་པོ་བྱེད་ངེས་ཞེས་ཀྲུང་གོའི་རྩོམ་རིག་ཁྱབ་ཁོངས་སུ་ཀུན་གྱིས་བསྟོད་པའི་མེ་ཏོག་གཏོར།
   ཐེངས་འདིའི་ནོ་པེའོ་བྱ་དགའ་ཐོབ་མཁན་རྣམས་ལ་སུའེ་ཏེན་གྱི་སྒོར་ཁྲི800(དམངས་སྒོར་དུ་ཕབ་ན་སྒོར་ཁྲི750)ཡི་བྱ་དགའ་ཡོད་པ་དང་། ཟླ12བའི་ཚེས10ཉིན་སུའེ་ཏེན་དུ་བྱ་དགའ་གནང་བའི་མཛད་སྒོ་བསྡུ་རྒྱུ་རེད།
  རྩོམ་པ་པོ་མོའུ་ཡཱན་ལགས་ནི་ཀྲུང་གོ་ཧྲན་ཏུང་ཞིང་ཆེན་གྱི་མི་ཡིན་པ་དང་། ཁོང་གིས1981ལོ་ནས་རྩོམ་རིག་བརྩམས་ཆོས་སྤེལ་བའི་ལས་ལ་རྩེ་གཅིག་ཏུ་གཞོལ་ནས་སྔ་རྗེས་སུ་ཕུལ་དུ་བྱུང་བའི་བརྩམས་ཆོས་གང་མང་ཞིག་སྤེལ་བ་སྟེ།《མ་ཡུམ》དང་། 《ཕྲུག》། 《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》།《སྐྱེ་འཆིའི་ངལ་བ》 སོགས་བརྩམས་ཤིང་། དེའི་ཁྲོད《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》ཞེས་པ་དེ་ཡིག་རིགས20ལྷག་ལ་བསྒྱུར་ནས་འཛམ་གླིང་ཡོངས་སུ་འགྲེམ་སྤེལ་བྱས་པ་དང་། སྒྲུང་རིང《ཕྲུག》ཅེས་པ2011ལོའི་སྐབས་བརྒྱད་པའི་མའོ་ཏུང་རྩོམ་རིག་བྱ་དགའ་ཐོབ་པ་རེད།

ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།
《ཁྲེ་རྒོད་དམར་པོའི་ཁྱིམ་རྒྱུད》ཅེས་པའི་ཁྲོད་བྱང་ཤར་ཀའོ་མེ་ཡུལ་ཚོས་འཇར་པན་བཙན་འཛུལ་པར་ངོ་རྒོལ་བྱེད་པའི་བླ་མེད་སྙིང་སྟོབས་བརྗོད་པ

ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།

《ཕྲུག》ཅེས་པའི་ཁྲོད་ཀྲུང་གོ་གསར་བའི་ལོ་ངོ60ནང་གི་སྡེ་བའི་ཕྲུག་སྐྱེས་ལོ་རྒྱུས་བརྗོད་པ།

  སྐབས་འདིའི་ནོ་པེའོ་རྩོམ་རིག་བྱ་དགའི་དཔྱད་འདེམས་ཨུ་ཡོན་ལྷན་ཚོགས་ཀྱིས་ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ཀྱི“འཆར་སྣང་དངོས་ཡོད་རིང་ལུགས་དེ་དམངས་ཁྲོད་གཏམ་རྒྱུད་དང་། ལོ་རྒྱུས། དེང་རབས་སྤྱི་ཚོགས་ཁྲོད་འཐིམ་འདུག”ཅེས་གདེང་འཇོག་མཐོན་པོ་གནང་ལ། རྩོམ་པ་པོ་མོའུ་ཡཱན་ལགས་ཀྱིས་བཤད་རྒྱུར། ཁོང་གིས་མིག་སྔར་འཐབ་འཛིང་དང་། ཁྱིམ་ཚང་། གཏམ་བརྗོད་ཟློས་གར་གྱི་འཁྲབ་གཞུང་། ཟློས་གར་སོགས་ཀྱི་བརྩམས་ཆོས་རྩོམ་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། མུ་མཐུད་དུ་མིའི་འཚོ་བ་དང་བརྩེ་བ་བརྗོད་པའི་མི་སྣའི་གཏམ་རྒྱུད་ཞིབ་འབྲི་བྱེད་པར་རྩེ་གཅིག་ཏུ་གཞོལ་ངེས་ཡིན་ཞེས་བརྗོད་པ་རེད།  

ཀྲུང་གོའི་རྩོམ་པ་པོ་མོའུ་ཡཱན་ལགས་ལ་ནོ་པེའོ་རྩོམ་རིག་བྱ་དགའ་ཐོབ་པ།
《སྐྱེ་འཆིའི་ངལ་བ》ཞེས་པའི་ཁྲོད་ཞིང་བ་མང་ཚོགས་ཀྱིས་ཚེ་སྲོག་ལ་སྙེག་པའི་བསྟོད་གླུ་དང་སྐྱོ་གླུ་བརྗོད་པ།

  • ལེ་ཚན་སྔོན་མ།:ལྷ་ས་ནས་གཞིས་རྩེའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
  • ལེ་ཚན་རྗེས་མ།:ཅཱ་ཆིན་ལིན་གྱིས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལྟ་སྐོར་ཚོགས་པར་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།