བོད་ལྗོངས་རླུང་འཕྲིན་དྲ་བ། 2012-10-12
ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཧྲིལ་པོའི་སྒྲོམ་གཞི་འདིང་བའི་ལས་ཀ་ལྷ་ས་ནས་གཞིས་རྩེ་བར་གྱི་ལམ་ཐིག་གི་མཐའ་སྣེ་གཉིས་ནས་དུས་གཅིག་ཏུ་སྤེལ་བ་དང་། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་གྱི་ལྷ་སའི་མཐའ་སྣེའི་བགྲོད་ལམ་གྱི་སྒྲོམ་གཞི་སྤྱི་ལེ35ཙམ་ལེགས་སྒྲུབ་ཟིན་པ་དང་། སྤྱི་ཟླ9པའི་ཚེས8ཉིན་ལྕགས་ལམ་གྱི་སྒྲོམ་གཞི་འདིང་བའི་འཕྲུལ་འཁོར་ལྷ་ས་སྐྱིད་ཆུའི་ཟམ་ཆེན་གྱི་ཟམ་སྟེགས་ཨང་ཀླད་ཀོར་སར་སླེབས་ཡོད་པ་རེད། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ཐོག་གི་ཟམ་པ་རིང་ཤོས་སྟེ་ལྷ་ས་སྐྱིད་ཆུའི་ཟམ་ཆེན་དངོས་སུ་སྐྲུན་འགོ་ཚུགས་པ་རེད། ཀྲུང་གོ་ལྕགས་ལམ་ཅུས་བརྒྱད་པའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་གྱི་སྒྲོམ་གཞི་འདིང་བའི་ཡན་ལག་པུའུ་ཡི་ལས་སྣེ་འཁྲིད་མཁན་ལིའི་ཇེའི་ཡིས། ལྷ་ས་སྐྱིད་ཆུའི་ཟམ་ཆེན་ནི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལམ་ཐིག་ཐོག་གི་ཟམ་པ་རིང་ཤོས་དེ་ཡིན་པ་དང་། ཁྱོན་ཟམ་མིག88ཡོད་པ་དང་ལྷ་ས་སྐྱིད་ཆུ་ཕྲེད་བརྒལ་བྱས་ཡོད་པ་རེད། ལས་གཞི་དེ་སྔོན་དཔགས་བྱས་ན་ཟླ་བ་གཅིག་ནང་ལེགས་སྒྲུབ་ཡོང་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
རིང་ཚད་སྤྱི་ལེ3ལྷག་ཙམ་ཡོད་པའི་ལྷ་ས་སྐྱིད་ཆུའི་ཟམ་ཆེན་དེ་གོང་དཀར་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ318ལྷ་ས་སྐྱིད་ཆུ་བཅས་ཕྲེད་བརྒལ་བྱས་པའི་ནང་། ལྷ་སའི་གོང་དཀར་གནམ་གྲུ་ཐང་གི་མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ318ཀྱི་ཁུལ་བརྒྱུད་འགྲོ་སའི་མུ་འབྲེལ་གདུང་མ་ན་ནིང་ནས་བཟོས་ཟིན་པ་རེད། ཀྲུང་གོ་ལྕགས་ལམ་ཅུས་ལྔ་པས་འཛུགས་སྐྲུན་བྱེད་རྒྱུའི་འགན་འཁུར་བའི་ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་ལས་གཞིར་ཁྱོན་སྤྱི་ལེ 24ཡས་མས་ཡོད་པ་དང་། སྦུག་ལམ་གསུམ་དང་ཟམ་པ་ཆེ་འབྲིང་དགུ་ཡོད་པའི་ནང་ནས་ད་ལྟ་ཟམ་པ་བརྒྱད་སྐྲུན་ཟིན་པ་དང་། ཡར་ཀླུང་གཙང་པོའི་ཟམ་ཆེན་ཨང་དང་པོའི་བརྒལ་ཚད་སྤྱི་ཁྲི120ཟིན་པ་དང་། ཟམ་གདན་འོག་གི་གྲུབ་ཆ་གཞི་རྩའི་ཐོག་ལེགས་སྒྲུབ་ཟིན་པ་དང་ད་ལྟ་ཟམ་གདན་ཐོག་གི་གྲུབ་ཆ་ཨར་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།
ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་ནས་གཞིས་རྩེ་བར་གྱི་ལྕགས་ལམ་སྤྱི་ལོ2010ལོ་ནས་སྐྲུན་འགོ་ཚུགས་པ་དང་ལྕགས་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ 253ཡོད་པ་དང་། སྤྱི་ལེ90ཙམ་ཟིན་པའི་ཡར་ཀྲུང་གཙང་པོའི་གྲོང་རོང་བརྒལ་ཡོད་ཅིང། ཟམ་པའི་སྦུག་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ115ཡོད་པ་རེད།
སྤྱི་ཟླ8པའི་ཚེས31ཉིན་བར་ཟམ་པའི་རྨང་གཞི་ཚང་མ་ལེགས་སྒྲུབ་ཟིན་པ་དང་ཟམ་མིག1278ལེགས་སྒྲུབ་ཟིན་པ་དེས་ལས་འབོར་གྱི་བརྒྱ་ཆ86ཟིན་པ་དང༌། ཟམ་པའི་ཆུ་འགྲོ9860ཚང་མ་ལེགས་སྒྲུབ་ཟིན་པ་དང་སྦུག་ལམ་སྤྱི་ཁྲེ54341སྔོག་པ་དེས་ལས་འབོར་གྱི་བརྒྱ་ཆ75ཟིན་པ། ལྕགས་ལམ་སྤྱི་ལེ35.2བཏིང་ཟིན་པ་དེས་ལས་འབོར་གྱི་བརྒྱ་ཆ11.9ཟིན་པ་བཅས་བྱུང་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10