རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། མཚོ་སྔོན་གསར་འགྱུར་དྲ་བ། 2012-10-12
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གིས་མུ་མཐུད་དུ་སློབ་གསོར་མ་དངུལ་གཏོང་བར་ཤུགས་བསྣན་ཏེ་ཕྱོགས་ཡོངས་ནས་དམངས་ཕན་སྲིད་ཇུས་དངོས་འབེབས་བྱས་པས། རྫོང་ཡོངས་ཀྱི་སློབ་མས་སློབ་གསོའི་དམངས་ཕན་སྲིད་ཇུས་ལས་ཕན་ཁེ་ཐོབ་ཡོད། ཞིང་སྡེའི་འོས་འགན་སློབ་གསོ་དུས་རིམ་གྱི་སློབ་མའི་ཟས་བཅུད་ལེགས་བཅོས་བཟོ་འགོད་ཁོ་ན་ལག་བསྟར་བྱས་པ་ཡིས་སློབ་མ་ཁྲི3ལྷག་གི་ཟས་བཅུད་གནས་ཚུལ་ལེགས་བཅོས་བྱས་ཏེ་སློབ་མའི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་།
གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སློབ་གསོ་དམངས་ཕན་སྲིད་ཇུས་དངོས་འབེབས་བྱེད་ཆེད། དཔའ་ལུང་རྫོང་གིས་དུས་ལྟར《དཔའ་ལུང་རྫོང་དབུལ་ཕོངས་སློབ་མའི་རོགས་སྐྱོར་ཐེབས་རྩ་ཚོགས་པའི་དོ་དམ་སྒྲིག་སྲོལ》བཟོས་ནས་དབུལ་ཕོངས་སློབ་མའི་རོགས་སྐྱོར་ལམ་ལུགས་འཐུས་ཚང་དུ་བཏང་ལ། དབུལ་ཕོངས་སློབ་མར་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་། བསྡོམས་རྩིས་ལས་མངོན་པ་ལྟར་ན། 2007ལོ་ནས2011ལོའི་བར་དུ། བསྡོམས་པས་དབུལ་ཕོངས་སློབ་མ3829ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་མ་དངུལ་སྒོར་ཁྲི675ལ་སླེབས། དབུལ་ཕོངས་ཁྱིམ་ཚང་གི་སློབ་ཆེན་སློབ་མ3365ལ་ཡིད་རྟོན་སློབ་རོགས་དངུལ་བུན་སྒོར་ཁྲི1428.2བཏང་ནས་དབུལ་ཕོངས་ཁྱིམ་ཚང་གི་སློབ་མའི་སློབ་ཡོན་དཀའ་བའི་གནད་དོན་ཐག་གཅོད་བྱས།
2011ལོར། རྫོང་ནོར་སྲིད་ཀྱི་སློབ་གསོའི་འགྲོ་སོང་སྒོར་དུང་ཕྱུར2.73ལ་སླེབས་པ་དང་ལོ་སྔོན་མ་ལས7.3%གོང་དུ་འཕར་ཡོད། སྔོན་རྩིས་ཁྲོད་ཀྱི་སློབ་གསོའི་འགྲོ་གྲོན་དང་སློབ་གསོའི་ཆེད་སྤྱོད་མ་དངུལ་སྣ་ཚོགས་ལོ་རེ་བཞིན་ཇེ་མང་ལ་སོང་ཞིང་། ལྷག་པར་དུ་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སྤྱི་བའི་འགྲོ་གྲོན་དེ2007ལོའི་སློབ་མ་རེར་ལོ་རེར་སྒོར50ནས2011ལོར་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར500དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར700ལ་སླེབས་ཡོད། བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་དེ2007ལོར་སློབ་མ་རེར་ལོ་རེར་སྒོར100ནས300ཡིན་པ་དེ2011ལོར་སློབ་ཆུང་སློབ་མ་རེར་ལོ་རེར་སྒོར1000དང་དམའ་འབྲིང་སློབ་མ་རེར་ལོ་རེར་སྒོར1250ལ་སླེབས་ཡོད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10