ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་དེ་ཁྲེང་ཏུའུ་རུ་འཚོགས།
ལྷ་འཛོམས་དང་གངས་སྐྱིད་མེ་ཏོག་གིས་བསྒྱུར། 2014-12-25
ཝང་ཏུང་མིང་དང་ཝེ་ཧུང་རྣམ་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་།
ཟླ་བ12པའི་ཚེས18ཉིན་ནས19ཉིན་གྱི་བར་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཁྲེང་ཏུའུ་རུ་འཚོགས་པ་རེད།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་དཔོན་ཝེ་ཧུང་རྣམ་གཉིས་ཀྱིས་གསུང་བཤད་གལ་ཆེན་གནང་ཞིང་།ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཁོ་ཙུན་ཕིང་གྲོས་ཚོགས་ནང་ཞུགས་ཡོད།
ཝང་ཏུང་མིང་གིས་གསུང་བཤད་ནང་རང་རེའི་ཞིང་ཆེན་གྱི2014ལོའི་དཔལ་འབྱོར་ལས་ཀར་ཕྱོགས་བསྡོམས་མཛད་པ་དང་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བྱས་ནས2015ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀར་སྤྱིའི་བླང་བྱ་དང་སྔོན་དཔག་དམིགས་འབེན།ལས་འགན་གཙོ་བོ་བཅས་བཏོན་ཡོད།ཝེ་ཧུང་གིས་གསུང་བཤད་ནང་སང་ལོའི་དཔལ་འབྱོར་ལས་ཀའི་ཐད་ལ་བཀོད་སྒྲིག་བྱས་པ་སྟེ།
གཅིག་ནི་རྒྱུན་ཚུལ་གསར་པའི་འོག་གི་འཕར་སྣོན་མྱུར་ཚད་བསྒྱུར་བར་ལྟ་སྟངས་ཡང་དག་པ་འཛིན་དགོས།
རྒྱུན་ལྡན་གསར་པ་ནི་དཔལ་འབྱོར་གྱི་དུས་འཁོར་གསར་པ་ཞིག་མིན་པ་ལས།དུས་སྐབས་གསར་པ་ཞིག་ཡིན་པ་རེད།སི་ཁྲོན་ཡང་རྒྱལ་ཡོངས་དང་འདྲ་བ་སྤྱིའི་མྱུར་ཚད་སྒྱུར་བའི་དུས་འཁོར་ལ་སླེབས་ཡོད་པས།མུ་མཐུད་ནས་འཕར་སྣོན་མགྱོ གས་པོར་གཏོང་རྒྱུའི་རྣམ་པ་སྲུང་འཛིན་བྱས་ཡོད།དགོས་མཁོ་ཆེན་པོ་གསུམ་དང་འཕེལ་རྒྱས་གཏོང་ཤུགས།ཁོར་ཡུག་རྒྱུ་རྐྱེན།རྒྱལ་ཁབ་ཀྱི་སྲིད་ཇུས་ཁོར་ཡུག་བཅས་ཀྱི་ཐད་ནུས་ལྡན་གྱི་རྒྱབ་སྐྱོར་མི་འདང་བ་རེད།རྒྱུན་ཚུལ་གྱི་བསམ་པ་འཛིན་སྟངས་སྲུང་འཛིན་བྱས་ནས་འཕར་སྣོན་འགྱུར་ལྡོག་མགྱོ གས་པའི་རྣམ་པར་ཞི་ལྷོད་བབ་བརླིང་དང་རྗེས་དཔག་གི་ལྟ་སྟངས་ཤིག་ཡོད་དགོས།
གཉིས་ནི་འཕེལ་རྒྱས་རྒྱུན་འཁྱོངས་དང་མ་སྐུལ་དང་བླངས་ཀྱིས་བྱ་སྤྱོད་སྤེལ་ནས་ཐོག་མཐའ་བར་གསུམ་དུ་དཔལ་འབྱོར་འཛུགས་སྐྲུན་དེ་ཞིང་ཆེན་དར་སྤེལ་གཏོང་ཡས་གཙོ་བོར་བརྩིས་དགོས། སི་ཁྲོན་ཡང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུའི་ལས་འགན་དེ་དཀའ་ཚེགས་ཆེ་ཞིང་།འཕེལ་རྒྱས་མི་འདང་བ་ནི་སྔར་བཞིན་དུ་འགལ་བ་གཙོ་བོ་ཡིན་པས།ངེས་པར་དུ་འཕེལ་རྒྱས་གཏང་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་རྒྱུ་རྒྱུན་འཁྱོངས་བྱས་ནས་དེ་བས་ཧུར་བརྩོན་དང་བླངས།སྙིང་སྟོབས་ཆེར་སྐྱེད་ཀྱིས་འཇོན་ནུས་བཏོན་ནས་དཔལ་འབྱོར་ལས་ཀ་ཡག་མོ་བསྒྲུབ་དགོས།
གསུམ་ནི་གཏན་ཤུགས་རྒྱུན་འཛིན་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་ཇེ་མགྱོ གས་སུ་སྒྱུར་བ།སྲ་བརྟན་འགྱུར་མེད་ཀྱིས་ལས་སྟངས་སྒྱུར་ཞིང་དཔལ་འབྱོར་ཆགས་ཚུལ་ལེགས་སྒྲིག་བྱ་དགོས།འཕེལ་རྒྱས་གཏོང་སྟངས་སྒྱུར་རྒྱུ་ནི་རྒྱུན་ལྡན་གསར་པའི་འོག་འཕེལ་རྒྱས་གཏོང་བའི་གོ་སྐབས་སྔོན་དུ་མྱུར་འཛིན་བྱ་རྒྱུའི་ཐོབ་ལམ་ཡག་ཤོས་ཤིག་ཡིན་པས།གཏན་ཤུགས་དང་ལོ་རྒྱུས་ཀྱི་འགན་སེམས།སྒེར་སེམས་མེད་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཆེས་ཡོད་དགོས་ངེས་རེད།དཔལ་འབྱོར་འཕེལ་སྟངས་སྒྱུར་ན་ད་གཟོད་འཕེལ་རྒྱས་དེ་བས་ཡག་པོ་ཡོད་པ་དང་རྗེས་སུ་འཕེལ་རྒྱས་གཏོང་ན་ཡང་།གོམ་པ་མཐོན་པོ་སྤོ་རྒྱུའི་འདུ་ཤེས་བརྟན་པོར་འཛིན་ཞིང་།དམིགས་འབེན་གཏན་པོ་འཛིན་ཏེ་སྲ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད་དགོས་ཤིང་།དོ་དོ་དན་དན་གྱིས་རྨང་གཞི་འདིང་བ་དང་རྗེས་ཤུགས་བསྣན་ནས་དཔལ་འབྱོར་འཕར་ཚད་དལ་པོ་སོང་བའི་གནོན་ཤུགས་ཆེ་བའི་རྐྱེན་གྱིས་ཡང་དུ་རགས་ཙམ་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་གཏན་ནས་སྐྱོད་མི་རུང་།
བཞི་ནི་མི་མངོན་པའི་ནུས་ཤུགས་སྔོག་འདོན་དང་གསོན་ཤུགས་སྐུལ་སློང་བྱས་ཏེ་ཧུར་ཐག་གིས་འཕར་སྣོན་གསར་པ་སྲུང་སྐྱོང་དང་འཚོལ་ཞིབ་བྱ་དགོས། དངོས་གནས་ལ་དམིགས་ནས་གྲོང་ཁྱེར་དང་གྲོང་གསེབ་སྐྲུན་པ་སོགས་ལྷུ་ཚིགས་ཞན་ས་དང་། ཐོན་ཁུངས། ཐོན་ལས། ཚོང་ར་སོགས་བསྡུར་གཞི་ཡོད་པའི་མཐུན་རྐྱེན། རྒྱལ་ཁབ་ཀྱིས་གཙོ་གནད་རོགས་སྐྱོར་བྱེད་ས་དང་འཕེལ་རྒྱས་གཏོང་བའི་འཐབ་ཇུས། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་བཀོད་སྒྲིག་གནང་ཟིན་པའི་ལས་ཀ་བཅས་ཀྱི་ནང་ནས་འཕར་སྣོན་ཡོང་ཐབས་འཚོལ་ཞིབ་བྱ་དགོས། མི་མངོན་པའི་དགོས་མཁོ་ཚོད་ཐིག་པོ་འཚོལ་རྒྱུ་དང་ལས་ཀ་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ལྡན་གྱི་སྒུག་ཤུགས་གསར་པར་ཆགས་ཐུབ་པ་བྱ་དགོས།
ལྔ་ནི་སྤྱི་ཡོངས་ལ་གདེང་ཚོད་ཡོད་པ་དང་མ་ཐའི་སྲུང་བྱ་སྲུང་བ། རིགས་སྣ་ཚོགས་ཀྱི་ཉེན་ཁ་སྔོན་འགོག་དང་མེད་པ་བཟོས་ནས་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་གི་གནད་དོན་དང་ས་ཞིང་བསྡུ་བ་དང་བཤིག་སྤོ། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་ནང་བུད་པའི་འགལ་བ་དང་རྙོག་འཛིང་ཐག་གཅོད་འོས་འཚམ་བྱ་དགོས། གྲོས་ཚོགས་ཐོག་བསྟན་དོན། 2015ལོར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་ལས་ཀའི་སྤྱིའི་བླང་བྱ་ནི་ཕྱོགས་ཀུན་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་དགོས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའིགཞུང་ལུགས་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འདུ་ཤེས་བཅས་ཀྱི་ཁྲིད་སྟོན་བྱ་དགོས། ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བྱ་དགོས། མ་སྐུལ་དང་བླངས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྒྱུན་ཚུལ་གསར་པ་དང་འཕྲོད་བྱས་ཏེ་བརྟན་པོའི་ཁྲོད་དུ་གོང་འཕེལ་གཏོང་རྒྱུའི་ལས་ཀ་སྤྱིའི་ལས་སྟངས་རྒྱུན་འཁྱོངས་བྱས་པར་བརྟེན། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྤུད་ཚད་དང་ཕན་ནུས་མཐོ་རུ་གཏོང་རྒྱུས་ལྟེ་གནས་བྱས་ཏེ་འཕེལ་རྒྱས་གཏང་རྒྱུའི་ཐབས་ཇུས་ཆེན་པོ་གསུམ་ལག་ལེན་ཟབ་མོ་བྱས་ནས་ཤུགས་ཆེན་པོས་ནང་མཁོ་སྐུལ་ཁྲིད་དང་།ཐོན་ལས་སྐུལ་ཁྲིད། གསར་སྐྲུན་སྐུལ་ཁྲིད་བཅས་བྱ་དགོས། བཅོས་བསྒྱུར་འགག་སྒྲོལ་ལ་དམ་འཛིན་དང་། དམངས་འཚོ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་དང་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས། གྲོས་ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་ཀའི་གཙོ་གནད་ལས་འགན་གསལ་པོ་བཏོན་ཡོད་པ་སྟེ།
གཅིག ཕན་ནུས་ལྡན་པའི་སྒོས་དགོས་མཁོ་རྒྱ་སྐྱེད་བཏང་སྟེ་དཔལ་འབོར་འཕར་སྣོན་བརྟན་བརླིང་ཡོང་བ་བྱ་དགོས། མ་དངུལ་གཏོང་འཇོག་ལུགས་མཐུན་ངང་འཕར་སྣོན་ཡོང་བ་རྒྱུན་འཁྱོངས་བྱ་དགོས་པ་དང་། རྒྱལ་ཁབ་ཀྱིས་སྲིད་ཇུས་ཐད་ཀྱི་རྒྱབ་སྐྱོར་དང་། གལ་ཆེའི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ཐོན་ལས་ཆགས་ཚུལ་ལེགས་སྒྲིག དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་མ་དངུལ་གཏོང་འཇོག་བཅས་བརྩོན་ལེན་བྱ་རྒྱུར་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་རྣམ་གྲངས500དང་ཞིང་ཆེན་གྱིས་གཙོ་གནད་དུ་སྐུལ་འདེད་གཏོང་བའི་རྣམ་གྲངས50བསྐྲུན་པར་ཤུགས་ཆེན་པོར་དམ་འཛིན་བྱ་དགོས། སྲིད་གཞུང་གིས་མ་དངུལ་གཏོང་འཇོག་ལ་སྐུལ་ཁྲིད་བྱེད་པའི་ནུས་པར་མཐོང་ཆེན་དང་འདོན་སྤེལ་བྱ་དགོས། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་བྱ་རྒྱུའི་མ་དཔེ་གསར་པ་ཆགས་པར་ཤུགས་ཆེན་པོར་སྐུལ་འདེད་གཏང་དགོས། འཛད་སྤྱོད་ཀྱི་མཁོ་དགོས་རྒྱ་སྐྱེད་གཏང་དགོས། ཐབས་ལམ་མང་པོ་བརྒྱུད་ནས་གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏང་དགོས། རྒན་གསོའི་སྐྱོན་བྲལ་ཁྱིམ་དོན། ཆ་འཕྲིན། ལྗོངས་རྒྱུ། ལེགས་བཅོས་རང་བཞིན་གྱི་སྡོད་ཁང་། སློབ་གསོ་དང་རིག་གནས་ལུས་རྩལ། གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ནང་འཛད་སྤྱོད་བྱ་རྒྱུའི་མི་མངོན་པའི་ནུས་ཤུགས་སྔོག་འདོན་བྱ་དགོས། ཕྱིར་འཚོང་ཕྱིར་གཏོང་བྱ་རྒྱུ་རྒྱ་སྐྱེད་གཏོང་བ་དང་ཉོ་འཚོང་སྟབས་བདེ་ཅན་དུ་ཡོང་བར་ཤུགས་ཆེན་པོར་སྐུལ་འདེད་བཏང་སྟེ་ཁེ་ལས་ཕྱིར་འགྲོ་ནས་འཕེལ་རྒྱས་གཏོང་བར་སྐུལ་མ་གཏང་དགོས།
གཉིས། མཐུན་རྐྱེན་ལྡན་པའི་ཐོན་ལས་འཕེལ་རྒྱས་དང་རྒྱ་སྐྱེད་བཏང་སྟེ་སྲོག་ཤིང་ལྟ་བུའི་འགྲན་རྩོད་བྱེད་ནུས་མཐོ་རུ་གཏང་དགོས། དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་དུ་ཇེ་མགྱོ གས་སུ་མངོན་འགྱུར་བྱེད་དགོས་ན་ངེས་པར་དུ་ཐོན་ལས་ཀྱིས་ཞིང་ཆེན་དར་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་དགོས། སྟོབས་ཤུགས་ཡོད་དགུས་བཟོ་ལས་ཀྱི་སྤུད་ཚད་མཐོར་འདེགས་དང་ཕན་ནུས་མཐོ་རུ་ཡོང་བར་སྐུལ་འདེད་གཏང་དགོས། ནུས་ཤུགས་གཅིག་བསྡུས་ཀྱིས་མཐོ་རིམ་དང་འཚར་ལོངས་ཅན་གྱི་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྐུལ་འདེད་གཏང་རྒྱུའི་འཆར་གཞི་ལག་ལེན་བསྟར་དགོས། ཐབས་ཇུས་ཀྱི་རང་བཞིན་གྱི་གསར་དར་ཐོན་ལས་བདུན་གྱི་གཞི་ཁྱོན་དང་ཤུགས་དངོས་མཐོར་འདེགས་བྱ་དགོས། མཐུན་རྐྱེན་ལྡན་པའི་ཐོན་ལས་བདུན་མཐོ་གྲས་དང་འབྲིང་གྲས་སུ་འཕེལ་བར་རྒྱབ་སྐྱོར་བྱ་དགོས། ཚོང་རར་འཇུག་པའི་ཚད་གཞི་རྒྱ་སྐྱེད་བཏང་ནས་རྒྱབ་སྐྱོར་བྱ་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཐོན་སྐྱེད་རང་བཞིན་དང་འཚོ་བའི་རང་བཞིན་གྱི་ཞབས་འདེགས་ལས་རིགས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏང་དགོས། གསར་དར་གྱི་ཞབས་འདེགས་ལས་རིགས་སྲུང་སྐྱོང་ཧུར་ཐག་བྱས་ནས་གསར་དར་དང་སྣེ་ཁྲིད་ཅན་གྱི་ཞབས་འདེགས་ལས་རིགས་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། ཁྱད་པར་དུ་ལྗོངས་རྒྱུ་ལས་རིགས་དེ་བས་གལ་ཆེའི་གནས་སུ་བཞག་སྟེ་དམ་འཛིན་བྱ་དགོས་པ་དང་ལྗོངས་རྒྱུ་དཔལ་འབྱོར་མགྱོ གས་མྱུར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་སྲུང་འཛིན་བྱ་དགོས། ཞིང་ལས་འཕེལ་རྒྱས་གཏོང་སྟངས་འཕོ་འགྱུར་ཇེ་མགྱོ གས་སུ་གཏང་དགོས་པ་དང་། ཞིང་ལས་བདག་གཉེར་གྱི་གཙོ་ཤུགས་སྲུང་སྐྱོང་ཧུར་ཐག་བྱེད་པ་དང་དེང་རབས་ཀྱི་ཞིང་ལས་དཔེ་སྟོན་ཨར་ལས་བསྐྲུན་པར་སྐུལ་འདེད་གཏང་དགོས།
གསུམ། རྣམ་པ་གསར་པའི་གྲོང་རྡལ་བསྐྲུན་པར་སྐུལ་འདེད་གཏང་དགོས། གྲོང་རྡལ་ཅན་གྱི་སྤུས་ཚད་མཐོ་རུ་གཏང་རྒྱུར་དམིགས་ཏེ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏང་དགོས། དམིགས་སུ་བཀར་ནས་ཞིང་ལས་ཀྱི་གནས་སྤོ་མི་འབོར་གྲོང་རྡལ་ཡུལ་མི་ཅན་དུ་འགྱུར་བའི་ལས་ཀ་ཡག་པོ་འཛིན་དགོས། གྲོང་ཁྱེར་ཁྱོ་ཆེན་པོ་བཞིའི་འཛུགས་སྐྲུན་ལ་སྐུལ་འདེད་ཇེ་མགྱོ གས་སུ་བཏང་ནས་གྲོང་ཁྱེར་གྱི་ས་ཁུལ་གསར་པ་བསྐྲུན་པར་མཐོང་ཆེན་བྱ་དགོས། རྒྱུན་ཆད་མེད་པར་བདེ་སྡོད་སྡོད་ཁང་ཁྲི་བརྒྱ་བསྐྲུན་རྒྱུའི་ཨར་ལས་དང་གྲོང་རྡལ་བརྒྱ་བསྐྲུན་རྒྱུའི་ཚོད་ལྟ་བྱ་སྤྱོད་སྤེལ་བའི་ལས་ཀ་ཡག་པོ་འཛིན་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་ཇེ་མགྱོ གས་སུ་གཏང་དགོས། བཞི།ཕྱོགས་མང་དང་སྣེ་མང་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་དཔལ་འབྱོར་གྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱ་དགོས།དཔལ་འབྱོར་ས་ཁུལ་ཆེན་པོ་ལྔ་འཕེལ་རྒྱས་གཏོང་བར་མཐུན་སྦྱོར་དང་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཁྲེང་ཏུའུ་ཡི་སྡེ་ཁུལ་གསར་པ་ཇེ་མགྱོ གས་སུ་བསྐྲུན་དགོས། དམིགས་ཚད་མཐོན་པོ་ལྡན་པའི་མེན་དབྱང་ཚན་རྩལ་གྲོང་ཁྱེར་བསྐྲུན་དགོས། བཟོ་ལས་དཔལ་འབྱོར་དང་། དེང་རབས་ཞིང་ལས། སྐྱེ་ཁམས་ལྗོངས་རྒྱུ་བཅས་ཀྱི་ཆ་རྐྱེན་འཛོམས་པའི་སྟོབས་ལྡན་རྫོང་ཚན་པ་གཅིག་ཇེ་མགྱོ གས་སུ་བསྐྲུན་དགོས།
ལྔ།དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ཇེ་མགྱོགས་བྱས་ཏེ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་དང་གསོན་ཤུགས་ཇེ་དྲག་ཏུ་གཏང་དགོས། སྔར་ལས་ལྷག་པར་བཅོས་བསྒྱུར་གྱི་གཙོ་གནད་མངོན་གསལ་དུ་དོད་དགོས་པ་དང་། ས་ཞིང་བདག་གཉེར་བྱེད་དབང་གཏང་རྒྱུས་གཙོ་གནད་བྱས་ཏེ་ཞིང་སྡེའི་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས། ཤུགས་ཆེན་པོས་རྒྱལ་དབང་ཁེ་ལས་དང་རྒྱལ་དབང་དངུལ་རྩར་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས་ཚན་རྩལ་སྒྲིག་གཞི་དང་། དངུལ་རྩ་སྒྲིག་གཞི། ནོར་སྲིད་དཔྱ་ཁྲལ་སྒྲིག་གཞི། ཡོང་འབབ་བགོ་བཤའི་བཅོས་བསྒྱུར་བཅས་ལ་སྐུལ་འདེད་ཧུར་ཐག་གཏང་དགོས།
དྲུགསྒོ་ཕྱེ་དང་མཉམ་ལས་ཟབ་ཏུ་བཏང་ནས་གསར་ཕྱེ་ཅན་གྱི་དཔལ་འབྱོར་གྱི་དགེ་མཚན་གསར་པ་གསོ་སྐྱོང་བྱ་དགོས། མ་སྐུལ་དང་བླངས་ཀྱིས་རྒྱལ་ཁབ་ཀྱི་གསར་ཕྱེའི་ཐབས་ཇུས་སུ་འཇུག་སྟེ་ལྕགས་ལམ་དང་། གཞུང་ལམ། ཆུ་དོན་གྱི་རྨང་གཞི་སྒྲིག་ཆས་བཅས་མཉམ་ལས་བྱེད་རེས་དང་སྤེལ་རེས་བྱེད་པར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཁྲེང་ཏུའུ་ཡི་གནམ་གྲུ་ཐང་གསར་པ་བསྐྲུན་རྒྱུའི་ལས་ཀ་ཇེ་མགྱོ གས་སུ་སྤེལ་དགོས། སྔར་ལས་ལྷག་པར་ཀྲུའུ་ཅང་གཙང་པོའི་ཟུར་གསུམ་གླིང་ཕྲན་དང་། འབྲི་ཆུའི་ཟུར་གསུམ་གླིང་ཕྲན། པེ་ཅིན་དང་ཐན་ཅིན།ཧྲི་ཅ་སོགས་དཔལ་འབྱོར་དྲ་བ་བར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཁྲེང་ཏུའུ་ནས་ཁྲུང་ཆིན་གྱི་དཔལ་འབྱོར་སྡེ་ཡུག་བསྐྲུན་པར་སྐུལ་འདེད་ཇེ་མགྱོ གས་སུ་གཏང་དགོས།
བདུན། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱ་དགོས། རྒྱུད་ཆད་མེད་པར་དམངས་འཚོར་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་དགོས་པ་དང་། དམངས་འཚོའི་ལས་གྲྭ་བཅུ་ལག་ལེན་བསྟར་བར་སྐུལ་འདེད་ཏན་ཏིག་གཏང་དགོས། དམངས་འཚོའི་དོན་དངོས་ཚན་པ་གཅིག་ཡག་པོ་བསྒྲུབས་ནས་ལས་ཞུགས་ལས་ཀ་ཡག་པོ་སྒྲུབ་པར་མཐོང་ཆེན་བྱ་དགོས། ལག་རྩལ་འཇོན་ནུས་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མི་སྣ་ལས་ཞུགས་བྱ་རྒྱུར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏང་དགོས། འོས་འགན་སློབ་གསོ་འཕེལ་རྒྱས་ཡོང་བར་དོ་སྙོམས་སྐུལ་འདེད་གཏང་དགོས། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏང་དགོས། གཞི་རྩའི་རྒན་གསོ་དང་སྤྱི་ཚོགས་རོགས་སྐྱོབ་ལམ་ལུགས་ཀྱི་མ་ལག་འཐུས་ཚང་གཏང་དགོས། ཤུགས་ཆེན་པོས་རིག་གནས་དང་ལུས་རྩལ་བྱ་གཞག་འཕེལ་རྒྱས་གཏང་དགོས་པ་རེད།། བརྒྱད།ཚན་རིག་དང་མཐུན་ཞིང་དངོས་དོན་གཉེར་བའི་སྒོ་ནས་གནོད་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་སྐུལ་འདེད་བཏང་སྟེ་གནོད་སྐྱོན་ཐེབས་ཁུལ་འཆམ་མཐུན་དང་བདེ་འཇགས་ཡོང་བར་ཁག་ཐེག་ནན་པོ་བྱ་དགོས། ལུའུ་ཧྲན་གྱི་འགུལ་སྐྱོན་ཐེབས་རྗེས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་ཡག་པོ་འཛིན་དགོས་པ་དང་སང་ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་ཁང་བསྐྱར་འཛུགས་བྱ་རྒྱུའི་ལས་འགན་ལེགས་འགྲུབ་ཡོང་བར་ཁག་ཐེག་ནན་པོ་བྱ་དགོས། དར་མདོའི་འགུལ་སྐྱོན་ཐེབས་ཁུལ་གྱི་ཁྱིམ་གཞིས་བསྐྱར་འཛུགས་ལས་ཀར་སྐུལ་འདེད་ཏན་ཏིག་བྱས་ཏེ་གནོད་ཐེབས་མང་ཚོགས་བདེ་དྲོད་ཀྱི་དགུན་ཁ་རྒལ་ཐུབ་པར་ཁག་ཐེག་ནན་པོ་བྱ་དགོས། བསྐྱར་འཛུགས་ལས་ཀར་ཇེ་མགྱོ གས་སུ་སྤེལ་ནས་ལོ་གསུམ་གྱི་དུས་ཚོད་ནང་བདེ་སྐྱིད་མཛེས་སྡུག་དང་འཆམ་མཐུན་ལྡན་པའི་ཁྱིམ་གཞིས་གསར་པ་སྐྲུན་ཐུབ་པ་བྱ་དགོས།
གྲོས་ཚོགས་ཐོག་བསྟན་དོན། སང་ལོའི་དཔལ་འབྱོར་ལས་ཀའི་དམིགས་ཡུལ་དང་ལས་འགན་གསལ་པོ་བཏོན་ཡོད། ད་ལྟར་གལ་འགངས་ཆེ་བའི་ལས་ཀ་ནི་བཀོད་སྒྲིག་ཁག་དང་ལས་ཀའི་བྱེད་ཐབས་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་དགོས་པ་དང་། ས་གནས་སོ་སོ་དང་སྡེ་ཚན་ཁག་དང་ཁྱད་པར་དུ་གཙོ་འགན་ཁུར་མཁན་འགོ་ཁྲིད་རྣམས་ཀྱིས་ནན་པོ་བྱ་དགོས་པ་གསུམ་དང་དོན་འཁྱོལ་བྱ་དགོས་པ་གསུམ་གྱི་བླང་བྱ་ལྟར་ཐོག་མཐའ་བར་གསུམ་དུ་དཀའ་སྤྱད་འབད་བརྩོན་དང་དཀའ་སྒྲུབ་དངོས་སྒྲུབ་ཀྱི་བསམ་པའི་རྣམ་པ་སྲུང་འཛིན་བྱས་ཐོག་སེམས་ཤུགས་དང་སྟོབས་ཤུགས་དེ་ལས་ཀ་དང་བྱ་གཞག་སྒྲུབ་པར་སྤྱད་དེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་བཀོད་ཁག་དོན་འཁྱོལ་བྱེད་པར་ཁག་ཐེག་ནན་པོ་བྱས་ནས་རྒྱུན་ཆད་མེད་པར་ལས་ཀའི་རྣམ་པ་གསར་པ་བསྐྲུན་པར་སྐུལ་འདེད་གཏང་དགོས་པ།།