ཞིན་ཅང་གིས་མ་མཐའི་འཚོ་རྟེན་འགན་སྲུང་གི་ཁ་གསབ་རོགས་དངུལ་ཐེངས་དྲུག་མཐོ་རུ་བཏང་སྟེ་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི216ལ་ཕན་པ་ཐོབ།
གངས་སྐྱིད་ཀྱིས་བསྒྱུར། 2014-12-24
ཞིན་ཧྭ་གསར་འགྱུར་ཁང་ཧུའུ་ལུའུ་མུའུ་ཆིན་ནས་ཟླ་བ12པའི་ཚེས10ཉིན་འབྱོར་བའི་གཏམ་གསར། ད་ལོར། 2010ལོ་ནས་བཟུང་ཞིན་ཅང་གིས་ཐེངས་དྲུག་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཆུ་ཚད་མཐོ་རུ་བཏང་བར་བརྟེན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར45.84གྲབས་གཤོམ་བྱས་ཏེ་ན་ནིང་ལོ་དང་བསྡུར་ན་བརྒྱ་ཆ9.35འཕར་སྣོན་བྱུང་བས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི216གི་གཞི་རྩའི་འཚོ་བར་འགན་སྲུང་ནུས་ལྡན་བྱས་ཡོད།
ད་ལོའི་ཟླ་བ7པར། ཞིང་ཅང་གིས་ཡང་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་བཏང་སྟེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ཁྲི86ལ་ཟླ་རེར་སྒོར20རེ་བསྣན་ཡོད། ཞིང་སྡེའི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ཁྲི130ལ་ཟླ་རེར་སྒོར15རེ་བསྣན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་བྱ་ཡུལ་ནང་གི་རྒན་གྲས་དང་། ལོ་ན་མ་སོན་པ། དབང་པོ་སྐྱོན་ཅན་ཚབས་ཆེན། ནད་ལྗིད་པོ་ཕོག་མཁན་བཅས་རིགས་བཞིའི་མི་སྣ་རེར་ཟླ་རེར་སྒོར12དང7་རེ་བསྣན་ཡོད་པ་རེད།
2010ལོ་ནས་བཟུང་། ཞིང་ཅང་གིས་སྔོན་རྗེས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་འགན་སྲུང་ཆུ་ཚད་མཐོ་རུ་བཏང་སྟེ། ཆ་སྙོམས་མི་རེའི་ཁ་གསབ་རོགས་དངུལ་སྤྲོད་ཚད་དེ2009 ལོའི་ལོ་མཇུག་གི་སྒོར158དང་སྒོར65ནས་མིག་སྔར་གྱི་སྒོར297དང་སྒོར144ཡི་ཐོག་མཐོ་རུ་བྱུང་ནས་ཁག་དབྱེ་སྟེ་བརྒྱ་ཆ88དང་བརྒྱ་ཆ121.5འཕར་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད་དེ་ལོ་དེའི་ཞིང་ཅང་གི་དཔལ་འབྱོར་འཕར་སྣོན་ཡོང་བའི་ཆུ་ཚད་ལས་མཐོ་བ་རེད།