ལྷན་སྐྱེས་སྙིང་ནད་ཡོད་པའི་བོད་ལྗོངས་ཀྱི་བྱིས་པ་120པེ་ཅིན་དུ་སྨན་རིན་མི་དགོས་པའི་སྨན་བཅོས་བྱ་རྒྱུ་རེད།

བཀྲ་ཤིས་དབང་ཕྱུག    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།    2012-09-28

 ཉིན་བརྒྱད་ཚ་ཚ་འུར་འུར་ངང་བདམ་གསེས་བྱས་པ་བརྒྱུད། “ང་ཚོའི་བུ་ཕྲུག་གི་ཆེད་དུ”ཞེས་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཆིག་སྟོང་ལ་རོགས་སྐྱོར་བྱེད་པའི་བྱ་འགུལ་ནག་ཆུར་སྤེལ་བ་ཞེས་པ་དེས་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་རྫོང་ལྔའི་ནང་ནས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་120བདམ་གསེས་བྱས་ཡོད་པ་དང་། བྱིས་པ་དེ་དག་རྒྱལ་སྟོན་དུས་ཆེན་བཏང་རྗེས་ཁག་བགོས་ནས་པེ་ཅིན་དུ་སྐྱེལ་ཏེ་མཚོ་དམག་སྤྱི་ཁྱབ་སྨན་ཁང་ལ་སྨན་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།

ང་ཚོའི་བུ་ཕྲུག་གི་ཆེད་དུ་ཞེས་གྲངས་ཉུང་མི་རིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་ཆིག་སྟོང་ལ་རོགས་སྐྱོར་བྱ་རྒྱུའི་བྱ་སྤྱོད་ནག་ཆུར་སྤེལ་བ་ཞེས་པ་དེ་སྤྱི་ཟླ་9པའི་ཚེས་19ཉིན་ནག་ཆུ་ས་ཁུལ་དུ་སྤེལ་འགོ་ཚུགས་ཡོད་པ་རེད། ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པ་དང་མཚོ་དམག་སྤྱི་ཁྱབ་སྨན་ཁང་གིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་། ཀྲུང་ཧྭ་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་གསར་འགྱུར་ལས་རིགས་ཀྱི་དང་བླངས་པའི་དགེ་སྒྲུབ་སྐུལ་འདེད་ལས་དོན་ཨུ་ཡོན་ལྷན་ཁང་གིས་སྒྲུབ་འགན་འཁུར་ཞིང་། བདམ་གསེས་བྱས་ནས་ཐོན་པའི་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པར་སྨན་རིན་སྤྲོད་མི་དགོས་པར་སྨན་བཅོས་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ཚེས་19ཉིན་ནས་ཚེས་26ཉིན་བར། སྨན་བཅོས་རུ་ཁག་གི་སྔ་ཕྱིར་ཨ་མདོ་རྫོང་དང་། སྦྲ་ཆེན་རྫོང་། འབྲི་རུ་རྫོང་། ལྷ་རི་རྫོང་བཅས་སུ་བསྐྱོད་ནས་བྱིས་པ་1850ལྷག་ལ་ཞིབ་བཤེར་བྱས་ནས་ལྷན་སྐྱེས་སྙིང་ནད་ཡོད་པའི་བྱིས་པ་༡༢༠ཡི་ནད་རྟགས་གཏན་འཁེལ་བྱུང་ཡོད་པ་རེད། །

  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཨང་དང་པོ་དེ་མཚོ་དམག་ལ་དངོས་སུ་སྤྲད།
  • ལེ་ཚན་རྗེས་མ།:གནམ་གྲུ་འབབ་སའི་གྲུ་གཟིངས་ཡོད་པའི་རྐྱེན་གྱིས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལ་འགྱུར་བ་གཏོང
  • དོ་སྣང་ཆེ་བའི་རྩོམ།