མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་དག་གིས་ཕྱུགས་འཚོའི་རིག་གནས་རྒྱུས་ལོན་བྱེད་པ།

ལྷ་མོ་ཚེ་སྐྱིད།        2012-09-26

མཚོ་ལྷོ་མི་རིགས་མཐོ་འབྲིང་དང་པོའི་སློབ་མ་དག་གིས་ཕྱུགས་འཚོའི་རིག་གནས་རྒྱུས་ལོན་བྱེད་པ།
 ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་ལུས་རྩལ་ར་བ་རུ་སྦྲ་ནག་ཕུབ་སྟེ་བོད་ཀྱི་རྒྱུན་སྤྱོད་འཚོ་བའི་ཡོ་ཆས་སོགས་བཤམས་པའི་བྱ་འགུལ་སྤེལ་བ་དང་། སློབ་མ་རྣམས་ཀྱིས་རྒྱས་འགྲེལ་པའི་ཁྲིད་སྟོན་འོག་སྦྲ་ནག་ཏུ་གཟིགས་ཞིབ་བྱེད་པ་རེད།  སློབ་གྲྭས་མཚམས་སྦྱོར་བྱས་པ་ལྟར་ན། གཟུགས་འདས་རིག་གནས་ཤུལ་བཞག་མུ་མཐུད་དུ་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་བྱེད་པ་དང་།  སློབ་མ་རྣམས་ཀྱིས་གཟུགས་འདས་རིག་གནས་ཤུལ་བཞག་གི་གལ་ཆེན་རང་བཞིན་སེམས་སུ་ངེས་པ་དང་། བོད་རིགས་ཀྱི་གནའ་བོའི་ཕྱུགས་རིགས་འཚོ་སྡོད་ཀྱི་དམངས་སྲོལ་རིག་གནས་རྒྱུས་ལོན་ཟབ་མོ་ཞིག་བྱེད་པར་ཆེད་དུ་སློབ་གྲྭའི་ལུས་རྩལ་ར་བ་རུ་སྦྲ་ནག་ཕུབ་སྟེ་སློབ་མ་རྣམས་ལ་མི་རིགས་ཀྱི་རིག་གནས་རྒྱུས་ལོན་དང་སློབ་སྦྱོང་བྱེད་དུ་བཅུག 


 

  • ལེ་ཚན་སྔོན་མ།:མི་རིགས་མང་པོའི་གེ་སར་སྒྲུང་མཁན་གྱི་སྒྲུང་བཤད་ཚོགས་འདུ།
  • ལེ་ཚན་རྗེས་མ།:སྐབས་དང་པོའི་ཀྲུང་གོའི་སྤུས་ཚད་འཕེལ་རྒྱས་གླེང་སྟེགས་པེ་ཅིན་ནས་ཚོགས་པ།
  • དོ་སྣང་ཆེ་བའི་རྩོམ།