རང་ཁུལ་གྱིས་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་དང་བཟོ་ལས་རྣམ་གྲངས་འབྲེལ་མཐུད་བྱེད་གང་ཐུབ་བྱས།

དབྱངས་ཅན་གྱིས་བསྒྱུར།        2014-06-10

 ཉེ་ཆར།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲང་ཕིང་སེན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་གྱི་ཨུ་ཡོན་ལྷན་ཁང་དུ་ཕྱིན་ནས།ད་ལོའི་ཁུལ་བཟོ་ལས་རྣམ་གྲངས་སྙན་ཞུ་བྱེད་གྲབས་ཡོད་པའི་གནས་ཚུལ་ཁག་དབྱེ་ནས་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་འགོ་ཁྲིད་དང་འབྲེལ་ཡོད་ཚན་ཁག་དང་ལས་ཀའི་འབྲེལ་མཐུད་བྱས་པ་རེད།
    རང་ཁུལ་གྱི་བཟོ་ལས་འཕེལ་རྒྱས་ཀྱི་སྙན་ཞུ་ཉན་འཇོག་བྱས་རྗེས།ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་རྒྱུའི་ཡིད་ཆེས་དང་ཆོད་སེམས་ལ་ཁས་ལེན་གང་ལེགས་བྱས་པར་མ་ཟད།ད་ལོའི་བཟོ་ལས་རྣམ་གྲངས་བཀོད་སྒྲིག་བྱེད་པའི་ལས་ཀ་ཐད་འོས་འཚམས་ཀྱིས་རང་ཁུལ་ལ་ཕྱོགས་པ་དང་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་ཆབས་ཅིགརང་ཁུལ་ལ་སྔར་ལས་ལྷག་པར་ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།ལག་རྩལ་བསྒྱུར་བཀོད།ལག་རྩལ་གསར་གཏོད།ཚོང་ར་རྒྱ་སྐྱེད་གཏོང་བའི་རིགས་ཀྱི་བཟོ་ལས་རྣམ་གྲངས་ཀྱི་ལས་ཀ་བཅས་སྔོག་འདོན་དང་གྲ་སྒྲིག་ཡག་པོ་བྱས་ནས།རྣམ་གྲངས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་ཞབས་ཞུ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
  • ལེ་ཚན་སྔོན་མ།: ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར11.67གྲོང་སྡེ་གསར་པ་འཛུགས་སྐྲུན་ཐད་བཏང་བ།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་གིས་མུའུ་སྟོང་ཕྲག་ལྡན་པའི་རི་རྒོད་དང་ཐང་རྒོད་ལ་ནགས་བཟོས།
  • དོ་སྣང་ཆེ་བའི་རྩོམ།