ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར11.67གྲོང་སྡེ་གསར་པ་འཛུགས་སྐྲུན་ཐད་བཏང་བ།

        2014-06-10

  གསར་འགོད་པས་ཉེ་ཆར་ཞིང་ཆེན་ནོར་སྲིད་ཐིང་ནས་གོ་ཐོས་བྱུང་རྒྱུར།ཞིང་ཆེན་ནོར་སྲིད་ཀྱིས2014ལོའི་གྲོང་གསར་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར11.67འོས་རིམ་ལ་སྤྲད་ནས་གྲོང་གསར་གྱི་རྨང་གཞི་སྒྲིག་ཆས་དང་སྤྱི་པའི་ཞབས་ཞུ་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་ཐད་སྤྱོད་རྒྱུ་ཡིན་པ་དང་།ཞིང་ཆེན་ཡོངས་ཀྱི་གྲོང་གསར(འདུས་སྡོད་ས་གནས)གསར་སྐྲུན་བྱེད་པར་ཁྲིད་སྟོན་དང་སྐུལ་འདེད་དང་གྲོང་སྡེ་རྙིང་པ5000ལྷག་བསྒྱུར་བཀོད་དང་རིམ་སྤར།བདེ་སྐྱིད་ལྡན་ཞིང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ1000ལྷག་བསྐྲུན་རྒྱུའི་འཆར་གཞི་བཞག་ཡོད།རང་རེའི་ཞིང་ཆེན་གྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་གསར་པ་འཛུགས་སྐྲུན་སྐོར་གྱི་སྤྱི་ཁོག་བཀོད་སྒྲིག་ལ་གཞིགས་ནས་མ་དངུལ་དེ་དག་གྲངས་བཅད་འོག་སྤྲོད་དང་ཁ་ཕྱོགས་གསལ་པོ།རྣམ་གྲངས་སྙན་སེང་ཐོ་འགོད།ལས་ཆོད་དང་འབྲེལ་བ་བཅས་ཀྱི་དོ་དམ་བྱེད་སྟངས་ལ་བརྟེན་ནས་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་རེད།
  • ལེ་ཚན་སྔོན་མ།: དྲི་མེད་དྭངས་གཙང་གི་དཀར་མཛེས་པེ་ཅིན་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་རྒྱལ་ས་པེ་ཅིན་དུ་སྤེལ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཨུ་ལྷན་དང་བཟོ་ལས་རྣམ་གྲངས་འབྲེལ་མཐུད་བྱེད་གང་ཐུབ་བྱས།
  • དོ་སྣང་ཆེ་བའི་རྩོམ།