ཉག་རོང་རྫོང་གིས་མུའུ་སྟོང་ཕྲག་ལྡན་པའི་རི་རྒོད་དང་ཐང་རྒོད་ལ་ནགས་བཟོས།
དབྱངས་ཅན་གྱིས་བསྒྱུར། 2014-06-10
ཉེ་ཆར།སྤུས་འབོར་གཉིས་ལྡན་གྱི་སྒོས་ཞིང་དོར་ནགས་གསོའི་ལས་གྲྭ་ལ་གཞོགས་འདེགས་བྱས་ནས་རི་རྒོད་དང་ཐང་རྒོད་དུ་ནགས་བཟོ་བའི་ལས་འགན་ལེགས་འགྲུབ་ཡོང་ཆེད།ཉག་རོང་རྫོང་ནགས་ལས་ཅུས་ཀྱིས་གཞི་རིམ་དུ་ཕྱིན་པ་དང་།དོན་དངོས་སྒྲུབ་པ།དམངས་ཀྱི་འཚོ་བར་ཕན་པ་སྐྲུན་པ་བཅས་ལས་ཀ་སྒྲུབ་པར་བརྟེན་ནས།ལག་རྩལ་མི་སྣ15སྒྲིག་འཛུགས་བྱས་ཏེ་ཡོངས་ལ་གཤིས་དང་ཤང་ལང་གཤིས་སོགས་ཤང་དུ་ཟླ་ཕྱེད་ཙམ་རིང་ཞིང་དོར་ནགས་གསོའི་ལས་གྲྭ་ལ་གཞོགས་འདེགས་བྱས་ནས་རི་རྒོད་དང་ཐང་རྒོད་ལ་ནགས་ཚལ་བཟོ་བའི་ལས་ཀ་སྤེལ་བ་རེད།ཟླ་བ5པའི་ཚེས4ཉིན་དུ་སླེབས་དུས།ཞིང་དོར་ནགས་གསོའི་ལས་གྲྭ་ལ་གཞོགས་འདེགས་བྱས་ནས་རི་རྒོད་དང་ཐང་རྒོད་ལ་ནགས་ཚལ་མུའུ་1000བཟོས་པ་དང་རི་རྒྱ་ནགས་གསོ་མུའུ2000བྱས་པ་རེད།སྡོམ་རྩིས་བྱས་པར་གཞིགས་ན་ལས་གྲྭ་དེ་སྤེལ་ནས་མང་ཚོགས་མི་གྲངས750ལྷག་ལ་ཁེ་ཕན་ཐོབ་ནས་ཆ་སྙོམས་མི་རེར་ཡོང་འབབ་སྒོར700འཕར་སྣོན་བྱུང་ཡོད་པ་རེད།