ལིའུ་ཆི་པའོ་དང་ཝང་ཀྲེང་ཝེ་གཉིས་ཀྱིས་དྭངས་གཙང་གི་དཀར་མཛེས་པེ་ཅིན་དུ་སྐྱོད་པ་ཞེས་པའི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་།
ལྷ་འཛོམས་ཀྱིས་བསྒྱུར། 2014-06-10
ཟླ་བ6པའི་ཚེས8ཉིན་གྱི་སྔ་དྲོར།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན།ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི།ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལིའུ་ཆི་པའོ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ།རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཝང་ཀྲེང་ཝེ་བཅས་རྣམ་པ་པེ་ཅིན་མི་རིགས་རིག་གནས་ཁང་དུ་ཕེབས་ནས་དྭངས་གཙང་གི་དཀར་མཛེས་པེ་ཅིན་དུ་སྐྱོད་པ་ཞེས་པའི་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ་རེད།
༼མི་རིགས་ས་ཁོངས་ཀྱི་རང་སྐྱོང་བཅའ་ཁྲིམས།༽འགྲེམ་བསྒྲགས་ལག་བསྟར་བྱས་ནས་ལོ30འཁོར་གྲབས་ཡོད་པའི་སྐབས་སུ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གིས་གཙོས་གཉེར་པའི་རྒྱལ་ཡོངས་མི་རིགས་རང་སྐྱོང་ཁུལ་གྱི་གྲུབ་འབྲས་འགྲེམས་སྟོན།དྭངས་གཙང་གི་དཀར་མཛེས་པེ་ཅིན་དུ་སྐྱོད་པ་ཞེས་པའི་བྱེད་སྒོ་རབ་རིམ་སྤེལ་བ།ཟླ་བ6པའི་ཚེས8ཉིན་གྱི་སྔ་དྲོའི་ཆུ་ཚོད10པར་ལིའུ་ཆི་པའོ་དང་ཝང་ཀྲེང་ཝེ་རྣམ་གཉིས་མི་རིགས་རིག་གནས་ཁང་དུ་ཕེབས་སྐབས་དང་ཐོག་སི་ཁྲོན་དཀར་མཛེས་བོད་ཁུལ་གྱི་འཕེལ་རྒྱས་གྲུབ་འབྲས་དང་ལྗོངས་རྒྱུ་མཛེས་ལྗོངས་པར་རིས་འགྲེམས་སྟོན་ལ་གཟིགས་ཞིབ་གནང་བ།ལིའུ་ཆི་པའོ་ཡིས་དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་རང་བྱུང་མཛེས་ལྗོངས།ལོ་རྒྱུས་རིག་གནས།མི་རིགས་ཡུལ་སྲོལ།ཞིང་ར་བོད་གྲོང་སོགས་ཀྱི་པར་རིས་ལ་ཞིབ་མོར་གཟིགས་པར་མ་ཟད།འགྲིམ་འགྲུལ་དང་ཆ་འཕྲིན།ཐོན་ལས་མཐུན་རྐྱེན་སོགས་ཀྱི་འཕེལ་རྒྱས་གཏོང་ཚུལ་དང་དམངས་འཚོ་ལེགས་སུ་གཏོང་ཚུལ་སོགས་ཀྱི་གནས་ཚུལ་ལའང་ཆ་རྒྱུས་ཞིབ་མོར་བླངས།གཟིགས་ཞིབ་གནང་རྗེས་ཁོང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་རླབས་པོ་ཆེ་ཐོབ་པར་ཁས་ལེན་གང་ལེགས་གནང་ཞིང་དཀར་མཛེས་ཁུལ་ཕྱིན་ཆད་འཕེལ་རྒྱས་གཏང་རྒྱུར་རེ་བ་ནན་པོ་བཅོལ་བ་སྟེ།བརྟན་བརླིང་དམ་འཛིན་བྱས་ནས་མི་ལྷོད་པ་དང་འཕེལ་རྒྱས་དམ་འཛིན་བྱས་ནས་ངར་ཤུགས་སྐུལ།དམངས་འཚོ་ལེགས་འཛིན་བྱས་ནས་ཤུགས་འདང་ངེས་རྒྱགམི་རིགས་རིག་གནས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་མོ་བྱེད་པ།ཁ་བྲལ་གཏོར་བཤིག་བྱེད་སྒོ་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་མཆོང་རྒལ་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ།མི་རིགས་མཐུན་སྒྲིལ་ཞི་བདེ་ཡོང་བ།མི་དམངས་བདེ་སྐྱིད་བདེ་འཇགས་ཡོང་བར་སྐུལ་འདེད་བཏང་སྟེ་ཧུར་ཐག་གིས་མཛེས་སྡུག་འབྱོར་སྟོབས་ལྡན་ཞིང་དཔལ་ཡོན་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དཀར་མཛེས་ཁུལ་གསར་པ་སྐྲུན་གང་ཐུབ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།