མཚོ་སྔོན་པོ་དྲ་བ། ལྷ་མོ་ཚེ་སྐྱིད། 2014-06-04
ལྷ་སའི་ཆུ་ཤུར་རྫོང་ནས་རླངས་འཁོར་དང་ཡང་ན་གྲུ་ལ་བསྡད་དེ་ཟམ་གཉིས་ཁུང་གཅིག་ས་ནས་སྤྱི་ལེ2ཙམ་སོང་བ་ན་མཚར་བ་ནང་འཇུན་པ་ཉ་བའི་གྲོང་དུ་ཐོན་པ་དང་། གྲོང་འདི་ནི་བོད་རང་སྐྱོང་ལྗོངས་དང་ཐ་ན་མདོ་དབུས་མཐོ་སྒང་དུ་ཉ་བཟུང་སྟེ་འཚོ་བ་རོལ་བའི་སྡེ་བ་ཉག་ཅིག་ཡིན།
ལོ་རེའི་བོད་ལུགས་ཀྱི་ཟླ3པར་གྲོང་སྡེ་འདིས་ཉ་འཛིན་དུས་ཆེན་སྤེལ་བ་ཡིན་ལ། ཉིན་འདིར་ཀོ་གྲུའི་བྲོ་འཁྲབ་པ་དང་གླུ་ལེན་པ་སོགས་བྱེད་སྒོ་སྣ་ཚོགས་འདུག ཉེ་བའི་ལོ་འདི་འགར། གྲོང་སྡེ་འདིས་སྐྱེ་ཁམས་འཛུགས་སྐྲུན་དང་། ཡུལ་སྐོར་ཁྱབ་སྤེལ། ཞིང་ལས་འཕེལ་རྒྱས། ཁྱད་འཕགས་ཐོན་ལས། དཔལ་འབྱོར་ཕུན་ཚོགས་བཅས་ཀྱི་འཕེལ་རྒྱས་རྩ་དོན་བཙུགས་ཏེ། ཞིང་སྡེ་གསར་བའི་འཛུགས་སྐྲུན་སྔར་ལས་རྣམ་པ་མངོན་པར་བཏོད་ཅིང་། བོད་ལྗོངས་ཀྱི་མིང་དུ་གྲགས་པའི་ཡུལ་སྐོར་ས་ཁུལ་དུ་འགྱུར་བཞིན་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10