བོད་ལྗོངས་ཀྱི་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་མི་ལྔ་ལ་རྒྱལ་ཁབ་ཀྱི་མན་ངག་རྒྱུན་འཛིན་གྱི་བྱ་དགའ་ཐོབ།

བདེ་ཆེན་མཚོ།      མཚོ་སྔོན་པོ་དྲ་བ།    2014-06-04

ཉེ་བའི་ལོ་ནང་བོད་ལྗོངས་གཟུགས་འདས་ཤུལ་བཞག་རིག་གནས་བྱ་བའི་ཐད་རྒྱུན་འཛིན་གཙོར་བྱས་ཤིང་། ཟབ་སྦྱོང་དང་བགྲོ་གླེང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པས་སློབ་མ་བསྡུས་ནས་ལག་རྩལ་ཁྲིད་པར་སྐུལ་འདེད་བྱས་པས། རྒྱུན་འཛིན་དཔུང་སྡེ་མུ་མཐུད་དུ་རྒྱ་ཇེ་ཆེ་རུ་འཕེལ། མིག་སྔར་བོད་ལྗོངས་སུ་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་མི་ལྔ་ལ་རྒྱལ་ཁབ་ཀྱི་མན་ངག་རྒྱུན་འཛིན་གྱི་བྱ་དགའ་ཐོབ་པ་རེད།
2012ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པའི་ལོ་རེའི་ཁ་གསབ་རོགས་དངུལ་སྒོར8000ནས་སྒོར་ཁྲི1ཏུ་བཏང་བ་དང་།རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་རྒྱུན་འཛིན་པའི་ལོ་རེའི་ཁ་གསལ་རོགས་དངུལ་སྒོར3000ནས་སྒོར5000རུ་བཏང་བ་རེད།
  • ལེ་ཚན་སྔོན་མ།:བོད་ལྗོངས་འཇུན་པ་ཉ་བའི་གྲོང་གི་ཀོ་གྲུའི་བྲོ་འཁྲབ་པའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱི་ཞིང་སྡེའི་ངལ་རྩོལ་པ་མི་ཁྲི5ལྷག་ལ་ཉི་འོད་བཟོ་འགོད་གསོ་སྦྱོང་བྱས་པ།
  • དོ་སྣང་ཆེ་བའི་རྩོམ།