ད་ལོར་མཚོ་སྔོན་གྱིས100%ཡི་ཤང་གྲོང་ཡོངས་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱེད་རྒྱུ་ཡིན་པ།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། ཞིན་ཧྭ་དྲ་བ། 2014-06-04
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།ད་ལོར།མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི“དམངས་འཚོའི་བཟོ་འགོད་ཆེན་མོ་བཅུའི”བླང་བྱར་གཞིགས་ཏེ།མུ་མཐུད་དུ་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་གཙིགས་འཛིན་བྱས་ནས་འཆར་གཞི་ལྟར་ན་ཞིང་སྡེའི་གཞུང་ལམ་སྤྱི་ལེ5000ཡན་གསར་འཛུགས་དང་ཞིག་གསོ་བྱེད་རྒྱུ་ཡིན་ལ།ཤང་གྲོང་ལ་ཤར་གཏོང་ཐུབ་ཚད96%སླེབས་པ་དང་ཤང་གྲོང་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ལ་སླེབས་རྒྱུ་རེད།
ད་ལོར།མཚོ་སྔོན་གྱིས་འཆར་གཞི་ལྟར་ན་ཤང་གྲོང12ལ་ཨར་འདམ་གཞུང་ལམ་འཛུགས་པའི་བཟོ་འགོད་ལག་བསྟར་བྱེད་རྒྱུ་ཡིན་པ་དང་།ཤང4དང་སྲིད་འཛིན་སྡེ་བ148ལ་ཨར་འདམ་གཞུང་ལམ་གསར་འཛུགས་བྱས་ཏེ།ཤང་གྲོང་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད96%ལ་སླེབས་ཐུབ་པ་དང་།སྲིད་འཛིན་སྡེ་བར་རླངས་འཁོར་ཤར་གཏོང་ཐུབ་ཚད82.3%ལ་སླེབས་ཐུབ།རྫོང25ཡི་རླངས་འཁོར་ས་ཚིགས་དང་ཤང་གྲོང་རླངས་འཁོར་ས་ཚིགས53བསྐྱར་འཛུགས་བྱས་ཏེ།ཤང་གྲོང་ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ལ་སླེབས་པ་དང་།སྲིད་འཛིན་སྡེ་བར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད82%ལ་སླེབས་ཐུབ། །